52705
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འདུལ་བ་མདོའི་རྣམ་པར་བཤད་པ་ལས་བྱུང་བ་མཐའ་འཁོབ་ཏུ་ཁོལ་ལྤགས་སྤྱོད་དུ་གནང་བ་ལ་དབུས་དང་མཐའི་ཚད་བསྟན་པ་སྟེ། ༡ ཤར་ཕྱོགས་ཀྱི་མཚམས་ནི། ཤར་ཕྱོགས་ཀྱི་སྤུ་འདྲ་བར་དྷ་ནའི་མདུན་དུ་ཕུ་འདྲག་ཚ་ཞེས་བྱ་བའི་ཚལ་ལོ་ཞེས་པ་ཡིན་ནོ། ། ༢ ལྷོ་ཕྱོགས་ཀྱི་མཚམས་ནི། ཤ་ར་པ་ཏེ་ཞེས་བྱ་བ་དེའི་མིང་གི་ཆུ་ཀླུང་ངོ་ཞེས་པ་ཡིན་ནོ། ། ༣ ནུབ་ཕྱོགས་ཀྱི་མཚམས་ནི། བྲམ་ཟེའི་གྲོང་ཁྱེར་ཕུ་ན་དང་། ཨུ་པ་ཕུ་ནའོ་ཞེས་པ་ཡིན་ནོ། ། ༤ བྱང་ཕྱོགས་ཀྱི་མཚམས་ནི། རི་ཨུ་ཤི་རའོ་ཞེས་པ་ཡིན་པའོ། ། |
| Domain | ཆོས་ལུགས། |