52728

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཐའ་ཡས་མ་ (1)
Part of speech མིང་ཚིག
Definition མངོན་བརྗོད། ས་གཞི་སྟེ། རྒྱ་ཆེ་ཞིང་མུ་མཐའ་མེད་པའི་ཚུལ་དུ་སྣང་བས་ནའོ། །
མཐའ་ཡས་མ་ (2)
Part of speech མིང་ཚིག
Definition ལྷ་དབང་ཕྱུག་གི་བཙུན་མོ་ཨུ་མཱ་སྟེ། ཕྱོགས་ཀུན་ལ་ཞི་བདེ་དང་བཀྲ་ཤིས་པར་བྱེད་པར་གྲགས་པས་ནའོ། །
མཐའ་ཡས་མ་ (3)
Part of speech མིང་ཚིག
Definition སྒྲོལ་མ་སྟེ། བྱམས་དང་བརྩེ་བ་ཁམས་གསུམ་དུ་ཡོངས་སུ་ཁྱབ་པས་ནའོ། །
མཐའ་ཡས་མ་ (4)
Part of speech མིང་ཚིག
Definition རྒྱ་མཚོ་སྟེ། རྒྱ་ཧ་ཅང་ཆེ་བས་ཕ་རོལ་མི་མཐོང་བས་ནའོ། །