52737
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྒྱལ་པོ་རྒྱན་རྩེད་སྐབས་སྒོ་གཉིས་དང་སྒོ་བཞི་སྒོ་བརྒྱད་སོགས་མང་ཉུང་ཅི་རིགས་ཡོད་ཅིང་། རྩེད་སྟངས་ལ་རྡེའུ་ཆེ་བ་གཅིག་དང་གཉིས་དང་བཞི་སོགས་ཡོད་པ་རྣམས་ལ་རྒྱལ་པོའི་མིང་འདོོགས་པ་དང་རྡེའུ་ཆུང་བ་རྣམས་ལ་སྲིན་མོའམ་དམག་མིའི་ཚབ་བྱེད་ཅིང་། སྲིན་མོའམ་དམག་མིའི་ཚབ་རྡེའུ་ཆུང་བ་རྣམས་རྙོག་འཛིང་ཆེ་བའི་ལམ་ཐིག་རི་མོའི་འགྲོ་ལུགས་ལྟར་རྩེད་རྩལ་གྱི་ཐོག་ནས་རྒྱལ་ཕམ་དབྱེ་མཚམས་གཅོད་ཀྱི་ཡོད། ལམ་ཐིག་གི་མཐའ་ལ་ཡོད་པའི་རྡེའུ་རྣམས་ལ་མཐའ་རྡེལ་ཟེར། |