52744
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མཐའ་ལུང་རི་ཁྲོད་ནི། སྟག་ལུང་རྩེ་སྤྲུལ་ཁམས་ཡུལ་དུ་ཕེབས་དུས་གཤམ་ཁྱིམ་དུ་ཕོ་བྲང་ལྷ་ཁང་གསར་བཞེངས་བྱས། ཞབས་དྲུང་སྐུ་ཕྲེང་བརྒྱད་པ་རུ་སར་བློ་བཟང་ཚུལ་ཁྲིམས་ཀྱིས་ཟབ་བདུན་ཡང་ཕུར་སྦྲག་སྒྲུབ་ཆེན་གསར་འཛུགས་མཛད་པ་དང་། དེ་དག་གི་སྒྲུབ་ཆས་དང་འཆམ་ཆས་སོགས་གསར་བཞེངས་མང་དུ་མཛད། གཞན་ཡང་བླ་མ་གྲུ་གུ་ཤཱཀྱ་ཤྲཱི་རི་དང་། ཁྱད་པར་དུ་ཁོང་གི་རྩ་བའི་བླ་མ་ནི་འབྲུག་པ་ཡོངས་འཛིན་མཛད་ཅིང་། གཤམ་ཁྱིམ་ཕོ་བྲང་དུ། གེ་སར་ལྷ་ཁང་དང་མེ་ཏོག་ལྡུམ་ར་བཅས་གསར་བཞེངས་གནང་། མཐའ་ལུང་ནང་དུ་སྒྲུབ་གནས་མཛད་དེ་བཞུགས། རབ་བྱུང་བཅུ་དྲུག་ ༡༩༡༧ ལོར་ལྷ་ས་རུ་སྐུ་གཤེགས་པ་རེད། ལྷག་པར་དུ་དེ་རྗེས་ཁོང་གི་གདུང་སྲས། ཡབ་རུ་སར་སྐྱབས་མགོན་བློ་བཟང་ཚུལ་ཁྲིམས་ཡུམ་ནང་ཆེན་ཆིང་རུའི་སྲས་མོ་དཔལ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་ཤིང་ཡོས་ལོ་ལ་ལྷ་སར་སྐུ་བལྟམས། ཡབ་ཀྱི་རྩ་བའི་བླ་མ་འབྲུག་པ་ཡོངས་འཛིན་ཡེ་ཤེས་ཀྱིས་སྐེ་དགོན་དུ་སྤྲུལ་སྐུ་གནང་དགོས་ཞེས་བཀའ་ཕེབས་པ་ལྟར་ཚ་སྒང་སྐེ་དགོན་དུ་གསེར་ཁྲིར་བཀོད། དགུང་གྲངས་བཅོ་ལྔ་ཐོག་ཀཿཐོག་མཁན་ཚེ་རྡོར་མདུན་རབ་ཏུ་བྱུང་། མཚན་ཀརྨ་མི་ཕམ་བསྟན་པའི་རྒྱལ་མཚན་དུ་གསོལ། དགུང་གྲངས་ཉི་ཤུ་སྐབས་མཁན་པོ་དེ་ཉིད་ལས་བསྙེན་པར་རྫོགས། སྒྲོག་རག་ཏུ་ཆོས་གྲྭ་ཆེན་པ་བཙུགས་ཏེ། བཀའ་ཐུབ་ཅན་མཁན་ཚེ་རིང་རྡོ་རྗེས་ཆོས་ཀྱི་སྒོ་ཕྱེས་ཏེ། དབང་བསྐུར་རྒྱུད་བཤད། ལུང་མང་ངག་སོགས་རྒྱ་ཆེ་བ་སྩལ་བས་ཁོང་གི་གསན་སྦྱང་ཡང་དག་པ་མཛད་པ་དང་། དེ་རྗེས་གདན་ས་ལ་ཕེབས་ཏེ། ཐུགས་དམ་ལ་རྩེ་གཅིག་ཏུ་གཞོལ་བས། ཉམས་དང་རྟོགས་པ་འཁྲུངས་ཏེ་བླ་མའི་བླ་མར་གྱུར། ཁྱད་པར་དུ་རྒྱལ་བ་ཀློང་ཆེན་རབ་འབྱམས་ཀྱི་ཐུགས་གཏེར་སྙིང་ཐིག་ལ་མཛད་སྲོལ་ཡོད། དེ་རྗེས་དགུང་གྲངས་ ༣༠ སྐོར་ལ་སྐེ་དགོན་ནས་ཡར་ཕེབས་ཏེ། འཛི་པ་གཤམ་ཁྱིམ་མཐའ་ལུང་ནང་དུ་བཞུགས་ཏེ། བླ་གྲྭ་བཅུ་སྐོར་ཙམ་མཚམས་སྒྲུབ་མཛད། དུས་མཆོད་དང་། སྒྲུབ་མཆོད་སྐབས་བླ་གྲྭ་སུམ་ཅུ་སྐོར་འདུས་ཀྱི་ཡོད་པ་རེད། ཕྱོགས་མཐའ་གྲུ་ཀུན་གྱི་ཆོས་དད་མང་ཚོགས་ཚང་མས་དད་འདུན་ཧ་ཅང་ཆེ་བའི་བླ་མ་གྲགས་ཅན་ཞིག་རེད། རབ་བྱུང་བཅུ་དྲུག་ས་ཕག་བོད་ཟླ་དང་པོའི་ཚེས་དྲུག་དགུང་གྲངས་ ༤༦ ཐོག་དགོངས་པ་གཤེགས། དེ་རྗེས་ཁོང་གི་སློབ་མ་ལྷ་སྲུང་ནི་སྟག་ལུང་གྲྭ་ཚང་གི་གྲྭ་སར་ཞུགས་ཏེ་མཚམས་གྲྭ་ཆོས་དྲུག་ལ་བཞུགས་མྱོང་བ་དང་། དེ་རྗེས་སྲས་སྤྲུལ་མདུན་བཅར་ནས་དབང་ལུང་ཁྲིད་གསུམ་ཚོགས་ཞུས་ནས་སྒྲུབ་པའང་ལོ་མང་བཞུགས་པ་དང་། ༡༩༨༩ ལོའི་ནང་ཆོས་དད་མང་ཚོགས་ཀྱི་རེ་འདུན་བཞིན། མཐའ་ལུང་རི་ཁྲོད་ཉམས་གསོའི་ལྷ་ཁང་བཞེངས་པ་དང་། རྟེན་གསུམ་བཞེངས། རྒྱུན་སྡོད་ཀྱི་བཙུན་མ་བཞི་བཅུ་སྐོར་འདུས་ཏེ། ལོ་ལྟར་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་སྒོ་ནས་སྔགས་གསོའི་སྒྲུབ་ཆེན་ཐེངས་རེ་དང་ཟླ་རེ་བཞིན་གྱི་ཚེས་བཅུ་ཡར་མར་མ་ཆད་པ་མཛད་པ་དང་། སྨྱུང་གནས་ཡང་གྲངས་མི་ཉུང་བ་བཞུགས་རྒྱུ་དང་། གཞན་ཡང་གཉུག་མར་གནས་པའི་དགེ་འདུན་འདུས་སྡེ་བདུན་རེའི་ཡོན་བདག་གི་སྤྱན་གསལ་དུ་སྐུ་རིམ་ཆོ་ག་འདོན་བྱ་མང་པོ་སྒྲུབ་རྒྱུ་དང་། ཉིན་ལྟར་དགོང་མོ་ཆོས་སྐྱོང་གི་བསྐང་གསོ་མ་ཆགས་པ་མཛད་བཞིན་ཡོད་པ་རེད། ཁོང་གི་གྲུབ་མཐའ་ནི་བཀའ་རྙིང་གཉིས་དང་རྙིང་མ་ལའང་བཀའ་གཏེར་དག་སྣང་གསུམ་ལས་རྒྱལ་བ་ཀློང་ཆེན་རབ་འབྱམས་ཀྱི་སྙིང་ཐིག་གི་ཆོས་སྡེ་ཡིན་པར་འདོན་བྱ་ལའང་། རྩ་བ་གསུམ་ལས་བླ་སྒྲུབ་ཐིག་ལེ་རྒྱ་ཅན། ཡབ་བཀའ་རིག་འཛིན་འདུས་པ། ཡི་དམ་དཔལ་ཆེན་འདུས་པ། མཁའ་འགྲོ་བདེ་ཆེན་རྒྱལ་མོ། བཀའ་སྲུང་མ་མགོན་ལྕམ་དྲལ། མདོར་ན་སྔོན་འགྲོ་བློ་ལྡོག་རྣམ་བཞི་ནས་བཟུང་མཐར་ཐུག་གི་ཉམས་ལེན། ལྟ་སྒོམ་སྤྱོད་གསུམ་དེ་ལ་མཛད་ཅིང་ཡོད་པ་རེད། ༡༩༩༥ ལོའི་བོད་ཟླ་དང་པོའི་ཚེས་ ༡༡ ཉིན་དགོངས་པ་གཤེགས། དེ་རྗེས་ཁོང་གི་སྲས་པོ་ཡོན་ཏན་དང་སྲས་མོ་ཨ་དཀར་འཆི་མེད་དཔལ་འབྱོར་བཅས་ཀྱི་མཐའ་ལུང་རི་ཁྲོད་ཀྱི་གཙོ་འགན་བཞེས་ཏེ། བླ་མ་དམ་པ་ཁོང་གི་སྲོལ་བཟང་རྒྱུད་འཛིན་བྱེད་ཅིང་ཡོད། ། |
{{#arraymap:མཐའ་ལུང་རི་ཁྲོད་
|; |@@@ | | }}