52773

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཐར་གྱིས་པའི་སྦྱོར་བ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། མཐཪ་གྱིས་པའི་སྦྱོར་བའི་མཚན་ཉིད་ནི། རང་རྒྱུ་སྦྱོར་ལམ་རྩེ་སྦྱོར་ལས་བྱུང་ཞིང་བརྟན་པ་ཐོབ་པའི་ཆེད་དུ་མཁྱེན་གསུམ་གྱི་རྣམ་པ་གོ་རིམ་དུ་སྒོམ་པར་བྱེད་པའི་སེམས་པའི་རྣལ་འབྱོར། དབྱེ་བ་ནི། སྦྱོར་བ་ཕུན་ཚོགས་ཕར་ཕྱིན་དྲུག་གི་མཐར་གྱིས་པའི་སྦྱོར་བ། བསམ་པ་ཕུན་ཚོགས་རྗེས་དྲན་དྲུག་གི་མཐར་གྱིས་པའི་སྦྱོར་བ། དངོས་མེད་ངོ་བོ་ཉིད་དུ་རྟོགས་པའི་མཐར་གྱིས་པའི་སྦྱོར་བ་དང་གསུམ་ལས། དང་པོ་ལ་སྦྱིན་པའི་ཕར་ཕྱིན་གྱི་མཐར་གྱིས་པའི་སྦྱོར་བ་སོགས་དྲུག གཉིས་པ་ལ་རྗེས་དྲན་དྲུག་གོ །ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་རབ་གསལ་ལས་སོ། །མཁྱེན་གསུམ་ཐོས་བསམ་གྱིས་ཤེས་པའི་དོན་ལ་བརྟན་པ་ཐོབ་ཕྱིར་དུ་བསྒོམ་པའི་སེམས་དཔའི་རྣམ་འབྱོར་དེ། མཐར་གྱིས་པའི་སྦྱོར་བའི་མཚན་ཉིད། དེ་ལ་དབྱེ་ན། ལམ་གྱི་ངོ་བོ་ཕྱིན་དྲུག་གི་མཐར་གྱིས་པའི་སྦྱོར་བ་དང་། ལམ་ཁྱད་པར་དུ་བྱེད་པ་རྗེས་དྲན་དྲུག་གི་མཐར་གྱིས་སྦྱོར་བ་དང། ལམ་རྣམ་པར་དག་བྱེད་དངོས་མེད་ངོ་བོ་ཉིད་དུ་རྟོགས་པའི་མཐར་གྱིས་པའི་སྦྱོར་བ་དང་གསུམ་མོ། །ཞེས་པཎ་ཆེན་ཤཱཀ་མཆོག་གི་རྒྱན་འགྲེལ་ལུང་དོན་རྒྱ་མཚོ་ལས་སོ། །
Domain ཆོས་ལུགས།