52777
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། ཕར་ཕྱིན། སློབ་ལམ་མཐར་ཐུག་མིན་པ་གང་ཞིག མཁྱེན་གསུམ་གྱི་རྣམ་པ་གོ་རིམས་ངེས་ཅན་དུ་བསྒོམ་པའི་སེམས་པའི་རྣལ་འབྱོར། དེ་ལ་དབྱེ་ན། བསམ་པ་ཕུན་ཚོགས་རྗེས་དྲན་དྲུག་གི་མཐར་གྱི་སྦྱོར་བ་དྲུག སྦྱོར་བ་ཕུན་ཚོགས་ཕར་ཕྱིན་དྲུག་གི་མཐར་གྱི་སྦྱོར་བ་དྲུག དངོས་མེད་ངོ་བོ་ཉིད་ཀྱི་མཐར་གྱི་སྦྱོར་བ་གཅིག་རྣམས་སུ་ཡོད། ས་མཚམས་ནི། ཐེག་ཆེན་གྱི་ཚོགས་ལམ་ནས། རྒྱུན་མཐའི་སྔ་རོལ་གྱི་བར་ན་ཡོད་དོ། བྱེད་ལས། མཐར་གྱི་སྦྱོར་བ་ཆོས་ཅན། བྱེད་ལས་ཁྱད་པར་ཅན་དང་ལྡན་ཏེ། བསམ་སྦྱོར་ཕུན་ཚོགས་ལ་བརྟེན་ནས། མཁྱེན་གསུམ་གྱི་རྣམ་པ་གོ་རིམས་བཞིན་དུ་སྒོམས་པས། སྐད་ཅིག་སྦྱོར་མྱུར་དུ་ཐོབ་པར་བྱེད་པའི་བྱེད་ལས་དང་ལྡན་པའི་ཕྱིར། |
Domain | ཆོས་ལུགས། |
{{#arraymap:མཐར་གྱིས་སྦྱོར་བ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | མཁྱེན་གསུམ་གྱི་རྣམ་པ་གོ་རིམ་ངེས་ཅན་དུ་སྒོམ་པའི་ཤེས་རབ་ཀྱིས་ཟིན་པའི་སེམས་དཔའི་རྣལ་འབྱོར། དབྱེ་ན། བཅུ་གསུམ་དུ་ཡོད། ས་མཚམས་ནི། ཐེག་ཆེན་གྱི་ཚོགས་ལམ་ནས་རྒྱུན་མཐའི་སྔ་ལོགས་ཀྱི་བར་ན་ཡོད། |
{{#arraymap:མཐར་གྱིས་སྦྱོར་བ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | མཁྱེན་གསུམ་གྱི་རྣམ་པ་ལ་བརྟན་པ་ཐོབ་པའི་ཕྱིར་དུ་དེའི་རྣམ་པ་གོ་རིམ་ངེས་པ་ཅན་དུ་སྒོམ་པའི་ཤེས་རབ་ཀྱིས་ཟིན་པའི་སེམས་དཔའི་རྣལ་འབྱོར་ཏེ། མཐར་གྱིས་པའི་སྦྱོར་བའི་མཚན་ཉིད། དེ་ལ་དབྱེ་ན། ཕར་ཕྱིན་དྲུག་གི་མཐར་གྱིས་པ་དྲུག རྗེས་དྲན་དྲུག་གི་མཐར་གྱིས་པ་དྲུག དངོས་མེད་ངོ་བོ་ཉིད་ཀྱི་མཐར་གྱིས་པ་གཅིག་རྣམས་སུ་ཡོད་དོ། ས་མཚམས་ནི། ཐེག་ཆེན་གྱི་ཚོགས་ལམ་ནས་རྒྱུན་མཐའི་སྔ་ལོགས་ན་ཡོད། གོ་རིམ་ནི། སྦྱོར་བ་ཕུན་ཚོགས་ཕ་རོལ་དུ་ཕྱིན་པ་དྲུག་ཐེག་ཆེན་གྱི་གཞུང་ཤིང་དུ་རྟོགས་པའི་ཕྱིར་དུ་དང་པོར་བསྟན། དེ་ཉམས་སུ་ལེན་པ་ལ་ཡང་བསམ་པ་ཕུན་ཚོགས་རྗེས་དྲན་དྲུག་ཉམས་སུ་ལེན་པ་སྔོན་དུ་འགྲོ་དགོས་པས་དེའི་རྗེས་སུ་བསྟན། དེ་གཉིས་ཀ་ཉམས་སུ་ལེན་པ་ཡང་གྲོགས་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་སྒོ་ནས་ཉམས་སུ་ལེན་དགོས་ཞེས་ཤེས་པར་བྱ་བའི་ཕྱིར་དུ་དངོས་མེད་ངོ་བོ་ཉིད་ཀྱི་མཐར་གྱིས་པ་ཕྱིས་བསྟན་པ་ཡིན་ནོ། །དེས་ན་བཤད་པའི་དབང་དུ་བྱས་པའི་གོ་རིམ་དེ་ལྟར་ཡིན་ཀྱང༌། རྣལ་འབྱོར་པས་སྒོམ་པའི་ཚེ་རྟེན་དཀོན་མཆོག་གསུམ་ལ་བརྟེན་ཅིང༌། ཚུལ་ཁྲིམས་དང་གཏོང་བས་གཞི་བཟུང༌། འཇིག་རྟེན་ལས་འདས་པའི་ལྷ་དཔང་པོར་གཞག གྲོགས་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་སྒོ་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་ཉམས་སུ་ལེན་པ་ཡིན་ནོ། ། |
{{#arraymap:མཐར་གྱིས་སྦྱོར་བ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | བསྟན་བཅོས་མངོན་རྟོགས་རྒྱན་གྱི་སྐབས་དྲུག་པའི་བརྗོད་བྱའི་གཙོ་བོ་མཐར་གྱིས་སྦྱོར་བ་སྟེ། མཁྱེན་པ་གསུམ་གྱི་རྣམ་པ་གོ་རིམ་མཐར་ཆགས་སུ་སྒོམ་པའི་བྱང་སེམས་ཀྱིི་སྦྱོར་བ་ཞིག་ལ་འཇོག དེའི་མཚན་ཉིད་ནི། པཎ་ཆེན་གྱི་ཕར་ཕྱིན་མཐའ་དཔྱོད་ལས། རང་ལུགས། མཁྱེན་གསུམ་གྱི་རྣམ་པ་ལ་བརྟན་པ་ཐོབ་དོན་དུ་མཁྱེན་གསུམ་གྱི་རྣམ་པ་རིམ་གྱིས་སྒོམ་པའི་ཤེས་རབ་ཀྱིས་ཟིན་པའི་སེམས་དཔའི་རྣལ་འབྱོར། མཐར་གྱིས་སྦྱོར་བའི་མཚན་ཉིད། མཐར་གྱིས་སྦྱོར་བ་སྤྱིའི་ས་མཚམས་ཐེག་ཆེན་གྱི་ཚོགས་ལམ་ཆུང་ངུ་ནས་ས་བཅུ་པའི་རྒྱུན་མཐའི་སྔ་ལོགས་བར་དུ་ཡོད། སྐབས་དྲུག་པའི་བསྟན་བྱའི་གཙོ་བོར་གྱུར་པའི་མཐར་གྱིས་སྦྱོར་བའི་མ་མཐའི་ས་མཚམས་ཐེག་ཆེན་གྱི་སྦྱོར་ལམ་དྲོད་འབྲིང་ནས་ཡོད་དོ། །དབྱེ་ན། ཕར་ཕྱིན་དྲུག་གི་མཐར་གྱིས་སྦྱོར། རྗེས་དྲན་དྲུག་གི་མཐར་གྱིས་སྦྱོར། དངོས་མེད་ངོ་བོ་ཉིད་ཀྱི་མཐར་གྱིས་སྦྱོར་དང་བཅུ་གསུམ་ཡོད། ཅེས་གསུངས། དེ་ཡང་སྦྱིན་པ། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན། ཤེས་རབ་སྟེ་ཕར་ཕྱིན་དྲུག་གི་མཐར་གྱིས་སྦྱོར་བ་དང། སངས་རྒྱས་དང། ཆོས་དང། དགེ་འདུན་དང། གཏོང་བ་དང། ཚུལ་ཁྲིམས་དང། ལྷ་རྗེས་དྲན་ཏེ་རྗེས་དྲན་དྲུག་གི་མཐར་གྱིས་སྦྱོར་བ། ཆོས་ཐམས་ཅད་བདེན་མེད་དུ་རྟོགས་པའི་དངོས་མེད་ངོ་བོ་ཉིད་ཀྱི་མཐར་གྱིས་སྦྱོར་བ་སྟེ་བཅུ་གསུམ་མོ། ། |
{{#arraymap:མཐར་གྱིས་སྦྱོར་བ་
|; |@@@ | | }}