52821
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། མཚན་ཉིད་ནི། ཆོས་ཀྱི་དབྱིངས་ཀྱི་འཇུག་ངོགས་མཐར་ཐུག་བསྒོམ་པའོ། །དབྱེ་ན། ཉན་ཐོས་དང། རང་སངས་རྒྱས་དང། བྱང་ཆུབ་སེམས་དཔའི་འོ། །གང་ཟག་གང་དང་ས་གང་ལ་བརྟེན་པ་ནི། ཉན་ཐོས་ཀྱི་བཤད་པ་སྔར་༼ གླིང་གསུམ་གྱི་སྐྱེས་པ་དང་བུད་མེད་དང། འདོད་པ་ཁམས་ཀྱི་ལྷ་རིགས་དྲུག་དང། གཟུགས་ཁམས་ཀྱི་ཚངས་པ་ཆེན་པོ་དང་། འདུ་ཤེས་མེད་པ་མ་གཏོགས་པ། གཟུགས་མེད་ཀྱི་སྐྱེ་མཆེད་བཞི་སྟེ་དེ་རྣམས་ལ་སྐྱེའོ། །གཞན་ལ་མི་སྐྱེ་བའི་རྒྱུ་མཚན་ནི་སྔ་མ་བཞིན་ནོ། །ས་གང་ལ་བརྟེན་ན། ཉན་ཐོས་ཀྱི། བསམ་གཏན་གྱི་དངོས་གཞི་དང། བསམ་གཏན་དང་པོའི་ཉེར་བསྡོགས་དང། དངོས་གཞི་ཁྱད་པར་ཅན་དང་དྲུག། གཟུགས་མེད་ཀྱི་འབྲས་བུ་གསུམ་དང་དགུ་ལ་བརྟེན་ནོ༽འཇིག་རྟེན་ལས་འདས་པའི་སྒོམ་ལམ་དང་འདྲ་ལ། ཐེག་པ་ཐུན་མོང་བས་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ནི། མིའི་རྟེན་ལ་སྐྱེ་ཞིང་ཁྱད་པར་དུ་བྱང་ཆུབ་སེམས་དཔའ་འཛམ་བུའི་གླིང་ཡུལ་དབུས་ཀྱི་བྲམ་ཟེའམ་རྒྱལ་རིགས་ཀྱི་རྟེན་ལ་སྐྱེ་ཞིང། ས་བསམ་གཏན་བཞི་པའི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལས་སྐྱེ་བར་འདོད། ཐེག་པ་ཆེན་པོ་ཐུན་མོང་མ་ཡིན་པ་ནི་ས་བཅུ་པའི་རྟེན་དང། ས་བསམ་གཏན་བཞི་པ་ཤིན་ཏུ་རྣམ་པར་དག་པའི་མཐར་བདག་རྐྱེན་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལས་སྐྱེ་བར་འདོད་དོ། །ཡུལ་གང་ལ་དམིགས་ན། ཐེག་པ་ཐུན་མོང་གི་ལུགས་ཀྱིས་ཡུལ་བདེན་པ་བཞིའམ་ཡང་ན་འགོག་པའི་བདེན་པའམ། མི་སློབ་པའི་ཆོས་བཅུ་ལ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་དམིགས། ཐེག་པ་ཆེན་པོ་ཐུན་མོང་མ་ཡིན་པའི་ལུགས་ཀྱི་ཉན་ཐོས་དང་རང་སངས་རྒྱས་ཡུལ་མྱང་ངན་ལས་འདས་པ་ལ་དམིགས། བྱང་ཆུབ་སེམས་དཔའ་ནི་མི་གནས་པའི་མྱ་ངན་ལས་འདས་པ་ལ་དམིགས་སོ། །ཞེས་ས་པཎ་གྱིས་ཐུབ་པ་དགོངས་གསལ་ལས་གསུངས་སོ། ། |
| Domain | ཆོས་ལུགས། |