52827

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཐར་ཕྱིན་བྱེད་ཀྱི་ལས་འཇུག་པའི་གཞི་ (1)
Part of speech མིང་ཚིག
Definition མདོ། མངོན་པ། གཞི་བཤད་པ་ནི་ཞེ་སྡང་གིས་མཐར་ཕྱིན་པར་བྱེད་པ་ལ་སོགས་པ་བཞིའི་གཞི་ནི་གོ་རིམ་བཞིན་དུ་གསོད་བྱ་ལ་སོགས་པའི་སེམས་ཅན་དང་། རེག་བྱ་ལ་སོགས་པའི་ལོངས་སྤྱོད་དང་། ཕུང་པོ་ལྔ་ཆར་ལ་སྐུར་པ་འདེབས་པས་མིང་དང་གཟུགས་དང་། རྫུན་ལ་སོགས་པ་ངག་ཡིན་ཞིང་ངག་མིང་ལ་འཇུག་པས་མིང་ཡིན་ནོ། །ཡང་ན་ཚིག་རྩུབ་ཀྱི་གཞི་སེམས་ཅན་ཡིན་པ་ལྟར་རྫུན་ལ་སོགས་པ་གསུམ་གྱིའང་ཡིན་ལ། གསུམ་གྱི་གཞི་མིང་ཡིན་པ་ལྟར་ཚིག་རྩུབ་ཀྱིའང་ཡིན་ནོ་ཞེས་ཕན་ཚུན་མཚོན་པའོ་ཞེས་གསུང་ངོ་། །འདིར་གཞིའི་སྒྲ་ནི་རྟེན་ནམ་ཡུལ་ལ་བརྗོད་པ་ཡིན་ཏེ་གསོད་པ་ལ་སོགས་པ་ནི་སེམས་ཅན་ལ་འཇུག་པའི་ཕྱིར་དང་། འདོད་ལོག་ལ་སོགས་པ་ནི་ལོངས་སྤྱོད་ལ་འཇུག་པའི་ཕྱིར་དང་། ལོག་ལྟ་ནི་ཕུང་པོ་ལྔ་ག་ལ་སྐུར་པ་འདེབས་པའི་ཕྱིར་དང་། རྫུན་ལ་སོགས་པ་ནི་ངག་ཡིན་ལ་དེ་མིང་ལ་འཇུག་པའི་ཕྱིར་རོ། །ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། །
Domain ཆོས་ལུགས།