52828
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཨ་ནུ་ཡོ་ག རྙིང་མ། མཐར་ཕྱིན་འབྲས་བུའི་རྣལ་འབྱོར་ནི་ཕྱག་རྒྱ་ཆེན་པོ་འབྲས་བུའི་རྒྱུད་དམ། ཨ་ནུ་ཡོ་གའི་འབྲས་བུ་སྟེ། བཀའ་བརྒྱད་རྣམ་བཤད་ལས། འབྲས་བུ་ནི་སྙིགས་དུས་ཀྱི་ཚེ་ཐུང་འདི་ལ་འདུན་པ་སེམས་པ་སོགས་ལམ་ལྔ་དང་འགྱུར་བ་མ་ངེས་པའི་ས་སོགས་ས་བཅུ་གཅིག་པོ་ནང་གི་ཐབས་མཁས་ཀྱིས་མྱུར་དུ་བགྲོད་ནས་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་བདེ་བ་ཆེན་པོ་སངས་རྒྱས་རྡོ་རྗེ་འཆང་གི་སྐུ་འགྲུབ་པར་འགྱུར་ཏེ། འདི་ལ་ཕྱག་རྒྱ་ཆེན་པོ་འབྲས་བུའི་རྒྱུད་དང་། མཐར་ཕྱིན་འབྲས་བུའི་རྣལ་འབྱོར་ཞེས་ཀྱང་བྱའོ། །ཞེས་གསུངས། |
| Domain | ཆོས་ལུགས། |