52837
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། མཉམ་མེད་ཐུབ་པ་ཆེན་པོས་དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་བར་དུ་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་མཐར་གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་ཀྱི་ཤིང་དྲུང་དུ་བླ་ན་མེད་པ་ཡང་དག་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་བདེ་བླག་ཏུ་ཐོབ་པ་ལ་ཟེར། པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། གསུམ་པ་གྲུབ་སྟེ། རྡོ་རྗེ་གདན་དུ་སྲོད་ལ་བདུད་བཏུལ། གུང་ལ་མཉམ་པར་བཞག ། ཐོ་རངས་སྦྱོར་ལམ་དྲོད་ཡན་ཆད་སྟན་ཐོག་གཅིག་ལ་བསྐྱེད་ནས། མི་སློབ་པའི་ཟད་མི་སྐྱེ་ཤེས་པའི་ཡེ་ཤེས་བརྙེས་པའི་ཕྱིར་ཏེ། མཛོད་ལས། སྟོན་དང་བསེ་རུ་བྱང་ཆུབ་བར། །བསམ་གཏན་མཐའ་བརྟེན་གཅིག་ལ་ཀུན། །དེ་ཡི་སྔོན་དུ་ཐར་ཆ་མཐུན། །ཞེས་གསུངས། ཞེས་གསལ། |
| Domain | ཆོས་ལུགས། |