52900
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དོན་རྒྱན་སོ་ལྔའི་ནང་གསེས་ཉེར་དགུ་པ་ཟོལ་བསྟོད་ཀྱི་རྒྱན་གྱི་ནང་གསེས་དང་པོ་སྟེ། བརྗོད་པར་འདོད་པའི་དངོས་པོ་དེར་ནུས་མཐུའི་ཁྱད་པར་ཕུན་སུམ་ཚོགས་པ་ཞིག་ཡོད་པ་དེ་རྒྱུ་མཚན་དུ་བྱས་ནས་ཁེངས་པ་ཡོད་པ་ལྟར་སྨད་དེ། ཁྱད་ཆོས་དེ་དང་ལྡན་པའི་དངོས་པོ་གཞན་དག་ཀྱང་ཡོད་པ་ལྟར་སྟོན་པ་ཞིག་ཡིན། |
| Example | བོད་མཁས་པས། འཁོས་བྲལ་མི་འུ་ཐུང་གིས་ས་གསུམ་པོ། །མནན་ཡང་སྟོབས་ལྡན་འཛིན་མའི་འོག་ཏུ་བཅིངས། ། རྒྱལ་བོ་ཁྱོད་ཀྱིས་འཛམ་གླིང་སའི་དཀྱིལ་འཁོར། །དབང་དུ་བྱས་པ་ཙམ་ལ་ཁེངས་མི་འཚལ། །ཞེས་པ་ལྟ་བུ། |
| Domain | རྩོམ་རིག |