52901

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཐུ་ཕུན་སུམ་ཚོགས་པ་བཞི་ (1)
Part of speech མིང་ཚིག
Definition སངས་རྒྱས་ཐམས་ཅད་ལ་མཉམ་པའི་མ་འདྲེས་པའི་ཡོན་ཏན་འབྲས་བུ་ཕུན་སུམ་ཚོགས་པ་བཞིའི་ཡ་གྱལ། མཐུ་ཕུན་སུམ་ཚོགས་པ་རྣམས་ཏེ། ཕྱིའི་ཡུལ་སྤྲུལ་པ་དང་། ཡོངས་སུ་བསྒྱུར་བ་དང་། སྐུ་ཚེ་གཏོང་བ་དང་། བྱིན་གྱིས་རློབ་པའི་མངའ་བ་ཕུན་སུམ་ཚོགས་པ་དང་། སྒྲིབ་པ་དང་ནམ་མཁའ་དང་ཤིན་ཏུ་རིང་བ་ལ་མྱུར་དུ་གཤེགས་པ་དང་། ཆུང་ངུར་མང་པོ་འཇུག་པར་མཛད་པའི་མངའ་བ་ཕུན་སུམ་ཚོགས་པ་དང་། ཡང་མཚན་གྱི་ཆོས་ནར་མ་རྣམ་པ་སྣ་ཚོགས་ཕུན་སུམ་ཚོགས་པའོ། །
Domain ཆོས་ལུགས།