From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
མཐུ་ཕུན་སུམ་ཚོགས་པ་རྣམ་པ་བཞི་ (1)
| Part of speech
|
མིང་ཚིག
|
| Definition
|
ཆོས་མངོན་པའི་མཛོད་ཀྱི་བཤད་པ་མཛོད་གནས་བདུན་པ་ལས་བྱུང་བ་སྟེ། ཕྱིའི་ཡུལ་སྤྲུལ་པ། ཡོངས་སུ་བསྒྱུར་བ། སྐུ་ཚེ་གཏོང་བ། བྱིན་གྱིས་རློབ་པའི་མངའ་ཕུན་སུམ་ཚོགས་པའོ། །
|
| Domain
|
ཆོས་ལུགས།
|
མཐུ་ཕུན་སུམ་ཚོགས་པ་རྣམ་པ་བཞི་ (2)
| Part of speech
|
མིང་ཚིག
|
| Definition
|
ཚིགས་སུ་བཅད་པའི་དོན་བསྡུས་པ་ལས་བྱུང་བ་སྟེ། ༡ ཚངས་པའི་ཡུལ་དུ་སྤྲུལ་པ་དང་། བསྒྱུར་བ་དང། བྱིན་གྱི་རླབས་ལ་དབང་བ་ཕུན་སུམ་ཚོགས་པ། ༢ སྐུ་ཚེ་གཏོང་བ་དང་། བྱིན་གྱིས་རློབ་པ་ལ་དབང་བ་ཉིད་དུ་ཕུན་སུམ་ཚོགས་པ། ༣ ནམ་མཁའི་ཁམས་སྒྲིབ་པ་དང། ཤིན་ཏུ་རིང་བར་མྱུར་དུ་བཞུད་པ་དང་། ཆུང་ངུ་ཆེན་པོར་འཇུག་པའི་དབང་ཉིད་ཕུན་སུམ་ཚོགས་པ། ༤ ངོ་མཚར་རྨད་དུ་བྱུང་བའི་ཆོས་གཉུག་མ་སྣ་ཚོགས་པའོ། །
|