52917

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཐུ་སྟོབས་ལྡན་པ་རྒྱལ་པོའི་གྲོགས་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། རྨ་ཡི་གཏེར་ལུགས་ལྟར་ཁྲོ་བོ་དབང་ཆེན་གྱི་ལས་རིམ་ལ་བསྙེན་བསྒྲུབ་ཡན་ལག་སོ་དྲུག་གི་ནང་ཚན་བསྙེན་པའི་གཞི་མ་སྒོ་དགུའི་ནང་གསེས་མཚན་ལྡན་གྲོགས་སུ་བསྙེན་བྱ་སྟེ། མཚན་ལྡན་གྲོགས་ལ་བསྙེན་ཞེས་བྱ་བ་ནི། བསྙེན་སྒྲུབ་སོགས་ཀྱི་སྐབས་སུ་མཚན་ལྟས་བཟང་བའི་སློབ་མ་དང་གྲོགས་བཙལ་ཅིང་བསྟེན་པའི་དོན་ལ་བྱ་སྟེ། དཔལ་གསང་བ་འདུས་པའི་དོན་གྱི་རྒྱུད་ལས། དམར་སྨུག་གཟི་ལྡན་འགྲོ་དལ་བ། མཐུ་སྟོབས་ལྡན་པ་རྒྱལ་པོའི་གྲོགས། ཞེེས་གསུངས་པས། དེ་ལ་ཡང་ལུས་ཀྱི་མདངས་སོགས་དམར་སྨུག་ལ་གཟི་ཡི་རིས་ལྟར་བཀྲ་བ་འགྲོ་ལ་དལ་ཞིང་མཐུ་དབང་སྟོབས་འབྱོར་དང་ལྡན་པའི་གྲོགས་ལ་བྱའོ། །
Domain ཆོས་ལུགས།