52930

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཐུན་ (1)
Part of speech བྱ་ཚིག
Definition འཕྲོད་ཅིང་འཚམ་པའི་དོན་ཏེ།
Keyword True
Example ལྭ་བ་འདི་ཁོ་མོའི་སྐུ་ལུས་དང་མཐུན་ལྟ་བུ།
Transitive བྱ་བྱེད་ཐ་མི་དད་པ།
Verb Form གཟུགས་མི་འགྱུར་བ།
མཐུན་ (1)
Part of speech མིང་ཚིག
Definition མི་འགལ་བའི་དོན་ཏེ།
Example ཡུལ་དུས་དང་མཐུན་ལྟ་བུ།
Antonyms འགལ།
མཐུན་ (2)
Part of speech མིང་ཚིག
Definition ཁ་འཆམ་པོ་ཡོད་པའི་དོན་ཏེ།
Example མིང་སྲིང་རྣམས་ཧ་ཅང་མཐུན་ལྟ་བུ།
མཐུན་ (1)
Part of speech མཚུངས་ཚིག
Definition མཚུངས་པ་གསལ་བྱེད་ཀྱི་སྒྲའི་སྡེ་ཚན་དང་པོའི་ནང་གསེས་ལྔ་པ་སྟེ། གཅིག་པ་དང་མཚུངས་པའི་དོན་སྟོན་པའི་ཚིག་གྲོགས་ཤིག
Example རྒྱལ་དབང་ལྔ་པས། ཤོང་སྟོན་ཞལ་སྒོ་ལས་འོངས་ལེགས་བཤད་ཀུན། །མཁས་མཆོག་ཙནྡྲ་གོ་མིའི་གསུང་དང་མཐུན། །ཞེས་པ་ལྟ་བུ།
Domain རྩོམ་རིག