52932
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | གབ་ཚིག་གི་རྒྱན་གྱི་ནང་གསེས་ལྔ་པ་སྟེ། གབ་བྱ་བརྗོད་དོན་དངོས་མ་སྨྲས་པར་དེ་དང་གཟུགས་ཀྱི་རྣམ་པ་མཐུན་པའི་དཔེ་བཏགས་པའི་དོན་བཀོད་ནས། དེ་དང་འབྲེལ་བའི་ཚིག་གིས་བརྗོད་དོན་སྒྲིབ་པར་བྱེད་པའི་རྒྱན་ཞིག་ལ་ཟེར། |
| Example | བོད་མཁས་པས། འདབ་ཕྲེང་སྣ་ལྔས་ཡོངས་འཁྱུད་ཡལ་གའི་ལྕུག །འཇམ་མཉེན་སྙན་པའི་དབྱངས་འབྱིན་ཁུ་བྱུག་ཅན། །མདངས་མཚར་མེ་ཏོག་མཆོག་གཅིག་རྩེར་དགོད་པའི། །འཁྲིལ་ལྡེམ་གསར་བའི་ལྗོན་ཤིང་དེ་རིང་མཐོང་། །ཞེས་པ་ལྟ་བུ། |
| Domain | རྩོམ་རིག |