52933
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལོ་རྟགས་གཅིག་ཀླུང་ཁམས་གཅིག་པའི་མཐུན་གསུམ་རྩུབ་པ་ཡིན་པ་མ་ཟད། རང་ལོ་དེ་གཉིས་ཀྱི་དབང་ཁམས་ནི་མཐུན་གསུམ་སོ་སོའི་བར་གཟའི་ཁམས་ཉིད་ཡིན་པའི་མག་བག་ཟུང་ཕན་ཚུན་གཉེན་སྡེབ་བྱེད་པ་ལ་ཟེར་བ་ཡིན། དེ་ཡང་སྟག་རྟ་ཁྱི་གསུམ་གྱི་བར་གཟའ་སྤེན་པ་ཡིན་པས་དབང་ཐང་ས་དང་། བྱ་གླང་སྦྲུལ་གསུམ་གྱི་བར་གཟའ་ཕུར་བུ་ཡིན་པས་དབང་ཐང་ཤིང་། བྱི་འབྲུག་སྤྲེལ་གསུམ་གྱི་བར་གཟའ་མིག་དམར་ཡིན་པས་དབང་ཐང་མེ། ཕག་ལུག་ཡོས་གསུམ་གྱི་བར་གཟའ་ལྷག་པ་ཡིན་པས་དབང་ཐང་ཆུ་བཅས་ཡིན། མག་བག་དེ་རིགས་ནི་སྡེབ་ངན་ཡིན་པས་སྤང་དགོས་ཀྱང་མི་སྡེབ་ཀ་མེད་བྱུང་ན་མག་པས་མོ་ཆས་སྤྲས་ཏེ་བག་མ་ཡོང་དུས་གཞན་དུ་བྱོལ་དགོས་ཤིང་། སྣང་བརྒྱད་དང་རྡོ་རྗེ་མཆུ་ཡང་གདོན་དགོས་པར་བཤད། |
| Domain | རྩིས་རིག |