52934

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཐུན་གསུམ་རབ་ཕུད་ (1)
Part of speech མིང་ཚིག
Definition མག་བག་གཉིས་ཀྱི་རང་ལོ་ནི་ཀླུང་ཁམས་གཅིག་པའི་མཐུན་གསུམ་རྩུབ་པ་ཡིན་ཡང་ཕན་ཚུན་གཉེན་སྒྲིག་བྱེད་རུང་བ་སྟེ། མག་པ་ཤིང་བྱི་ལོ་པ་དང་བག་མ་མེ་སྤྲེལ་ལོ་མར་མཚོན་ན། རང་ལོ་བྱི་སྤྲེལ་གཉིས་ཀྱི་ཀླུང་ཁམས་ཤིང་དུ་གཅིག་ཀྱང་གཉེན་སྒྲིག་བྱེད་པར་བཟང་བ་ལྟ་བུ་ཡིན། དེ་བཞིན་དུ་མག་པ་ཤིང་སྟག་ལོ་པ་དང་བག་མ་དེ་ཁྱི་ལོ་མ། མག་པ་ས་སྟག་ལོ་པ་དང་བག་མ་ལྕགས་ཁྱི་ལོ་མ། མག་པ་ལྕགས་ཁྱི་ལོ་པ་དང་བག་མ་ཆུ་སྤྲེལ་ལོ་མ། མག་པ་ལྕགས་རྟ་ལོ་པ་དང་བག་མ་ཆུ་སྟག་ལོ་མ། མག་པ་ལྕགས་སྟག་ལོ་པ་དང་བག་མ་ཆུ་ཁྱི་ལོ་མ། མག་པ་ཆ་བྱི་ལོ་པ་དང་བག་མ་ཤིང་སྟག་ལོ་མ། མག་པ་ཆུ་སྟག་ལོ་པ་དང་བག་མ་ཤིང་ཁྱི་ལོ་མ་བཅས་ཀྱང་ཀླུང་ཁམས་མཐུན་པའི་མཐུན་གསུམ་ཡིན་ཡང་གཉེན་སྡེབ་བྱས་ན་བཟང་བའི་མཐུན་གསུམ་རབ་ཕུད་ཡིན།
Domain རྩིས་རིག