52935

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཐུན་གསུམ་རྩུབ་པ་ (1)
Part of speech མིང་ཚིག
Definition རྩུབ་རྡེལ་བདུན་གྱི་ཡ་གྱལ་ཞིག་སྟེ། བརྩི་བྱའི་རང་ལོ་ཁྱི་ཡིན་པར་ཆ་བཞག་ན། སྟག་རྟ་གཉིས་ལས་གང་རུང་ཞིག་གནམ་ལོར་ཤར་བ་ལྟ་བུ་རང་ལོ་དང་ཀླུང་ཁམས་གཅིག་པ་གནམ་ལོར་བའི་ཀེག་དུས་ལ་ཟེར་བ་ཡིན། དུས་དེར་ཟས་བཅུད་འཆོར་ཞིང་ཁ་མཆུ་ནད་གྱོད་འོང་བས། ཁང་ནག་མི་བཤུ་ལམ་རིང་སྤང་དགོས། དམག་དང་རོ་མི་འདྲེན། སྤྱི་བཅོས་སུ་གདུགས་དཀར་དང་། བསྐང་གསོ། གྲིབ་སེལ། སྨོན་ལམ་བཟང་པོས་བཟང་བཟའ་བ་བཅས་བྱ་དགོས། བྱེ་བྲག་ཏུ་དུས་དེའི་གནམ་ལོའི་སྲོག་ཁམས་ཀྱིས་བརྩི་བྱའི་རང་ལོའི་སྲོག་ཁམས་གཅོད་ན། བཅོས་སུ་སྲོག་བསླུ་དང་ཚེ་སྒྲུབ་བྱ་དགོས། དེ་བཞིན་དུ་ལུས་ཁམས་ཀྱིས་ལུས་ཁམས་གཅོད་ན། བཅོས་སུ་ལམ་འཕྲང་བཅོས་དགོས། དབང་ཁམས་ཀྱིས་དབང་ཁམས་གཅོད་ན། བཅོས་སུ་དགྲ་གོད་ཀྱི་སྲི་གནོན་དགོས། དུས་དེར་གོད་སྟོར་འབྱུང་ཞིང་ཁྱད་པར་དུ་མི་རྒན་དང་སྦྲུམ་པར་དོགས་དགོས།
Domain རྩིས་རིག