52940
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དཔེ་ལྟར་སྣང་ལ་གཉིས་དབྱེ་བའི་ཡ་གྱལ་ཞིག་སྟེ། རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། མཚན་ཉིད། བསྒྲུབ་བྱ་ངེས་པའི་སྔོན་དུ་རྗེས་ཁྱབ་དངོས་སུ་ངེས་པའི་གཞིར་བཟུང་ཞིང་ངེས་པར་མི་ནུས་པ། དབྱེ་ན། དོན་སྐྱོན་ཅན། བློ་སྐྱོན་ཅན། སྒྲ་སྐྱོན་ཅན་གྱི་མཐུན་དཔེ་དང་གསུམ། ཞེས་གསུངས། |
| Domain | ཚད་མ། |