52941

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཐུན་དཔེའི་དམིགས་བཅུ་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། མེ་ལོང་བཅུ་དང་དཔེ་བཅུའང་བརྗོད། མདོ་དགོངས་པ་འདུས་པར་གསང་སྔགས་ཀྱི་དངོས་པོ་བཅུ་མཚོན་པའི་དཔེ་བཅུར་གསུངས་པ་ནི། སྒྱུ་མ། སྨིག་རྒྱུ། ཆུ་ཟླ། རྨི་ལམ། སྒྲ་བརྙན། མིག་ཡོར། མགལ་མེའམ་ཆུ་བུར། དྲི་ཟའི་གྲོང་ཁྱེར། སྤྲུལ་པ། གཟུགས་བརྙན་དང་བཅུ་སྟེ། རྒྱུད་དེ་ཉིད་ལས། སྒྱུ་མ་སྨིག་རྒྱུ་ཆུ་ཟླ་དང༌། །རྨི་ལམ་སྒྲ་བརྙན་མིག་ཡོར་དང༌། །མགལ་མེ་དྲི་ཟའི་གྲོང་ཁྱེར་དང༌། །སྤྲུལ་པ་གཟུགས་བརྙན་མེ་ལོང་བཅུ། །ཞེས་གསུངས།
Domain ཆོས་ལུགས།