52945

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཐུན་པ་ཚེ་ (1)
Part of speech མིང་ཚིག
Definition ལྷ་དཔལ་ཚེ་བདུད་ཀྱི་ནང་གསེས་ཚེ་ཞེས་པ་སྟེ། བརྩི་བྱ་དག་གི་མ་ཀླུང་སྐྱེས་པའི་སྤར་ཁ་སྐྱེས་སྤར་དང་། རང་ཀླུང་སྐྱེས་པའི་སྨེ་བ་སྐྱེས་སྨེ་གཉིས་ཀྱི་ཁམས་སོ་སོའི་རང་ལོའི་སྲོག་ལུས་དབང་ཀླུང་གི་ཁམས་ཉིད་ཡིན་པ་ཟེར་བ་ཡིན། གལ་སྲིད་ལོ་ཁམས་ཆུ་རྟ་ཡིན་པའི་བརྩི་བྱ་ཞིག་ལ་ཆ་བཞག་ན། སྲོག་ཁམས་མེ་ཡིན་པས་སྐྱེས་སྤར་ལི་ལྟ་བུ་སྲོག་དང་ཁམས་གཅིག་པའི་མཐུན་པ་ཚེ་ཡིན་ན། བརྩི་བྱ་དེ་ཚེ་ཡི་ཉི་མ་རླུང་གིས་བསྐྱོད་ཅེས་རང་ལོ་ཞེ་དགུ་འདའ་བར་བཤད། ལུས་ཁམས་ཤིང་ཡིན་པས་སྐྱེས་སྤར་ཟིན་ལྟ་བུ་ལུས་དང་ཁམས་གཅིག་པའི་མཐུན་པ་ཚེ་ཡིན་ན། བརྩི་བྱ་དེའི་ལུས་སྐལ་འབྲིང་ཡིན་པས་རང་ལུས་རང་གིས་ཐེག་པར་བཤད། དབང་ཁམས་ཆུ་ཡིན་པས་སྐྱེས་སྤར་ཁམས་ལྟ་བུ་དབང་ཐང་དང་ཁམས་གཅིག་པའི་མཐུན་པ་ཚེ་ཡིན་ན། བརྩི་བྱ་དེའི་ནོར་སྐལ་འབྲིང་ཡིན་པས་དཔལ་བསྐྱེད་སྲིད་ཀྱི་ཕུར་བ་ཐོབ་པར་བཤད། ཀླུང་ཁམས་ལྕགས་ཡིན་པས་སྐྱེས་སྤར་དྭ་ལྟ་བུ་ཀླུང་རྟ་དང་ཁམས་གཅིག་པའི་མཐུན་པ་ཚེ་ཡིན་ན། བརྩི་བྱ་དེའི་ཀླུང་སྐལ་འབྲིང་ཡིན་པས་རང་མགོ་རང་གིས་ཐོན་པར་བཤད། དེ་བཞིན་དུ་སྨེ་བའི་ཆ་ནས་སྟག་ཡོས་བཞི་ལྗང་ལ་སྐྱེས་པ་ལྟ་བུ་སྐྱེས་ལོའི་སྲོག་དང་ཁམས་གཅིག་པའི་མཐུན་པ་ཚེ་ཡིན་ན། བརྩི་བྱ་དེའི་སྨེ་སྐལ་འབྲིང་ཡིན་པས་ལོངས་སྤྱོད་འབྲིང་དུ་འོང་ཞིང་འདུག་ཆེ་བས་རང་ཡང་ངལ་བར་བཤད།
Domain རྩིས་རིག