52947

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཐུན་པ་སྤུན་བཞི་ (1)
Part of speech མིང་ཚིག
Definition བྱ་གོང་མ་སྲེག་དང༌། རི་བོང་དང༌། སྤྲེའུ་དང༌། གླང་པོ་ཆེ་བཅས་ཡིན་ལ། གནའ་དུས་སྲོག་ཆགས་དེ་དག་གིས་རྒན་གཞོན་ལྟར་བསྙེན་བཀུར་བྱས་པའི་མཐུས་ཁོང་ཚོ་གནས་སའི་ཡུལ་ཁམས་དེ་ལ་བཀྲ་ཤིས་པ་དང་བདེ་སྐྱིད་བྱུང་བའི་སྐོར་རྣམས་དེང་སང་བོད་ཀྱི་འདུ་ཁང་གི་སྒོ་འགྲམ་སོགས་ལ་རི་མོར་བྲིས་པ་མཇལ་རྒྱུ་ཡོད་ཅིང་། དེའི་དུས་ཀྱི་བྱ་གོང་མ་སྲེག་དེ་ནི། དེང་གི་སངས་རྒྱས་ཤཱཀྱ་མུ་ནེ་དང༌། རི་བོང་ནི་ཤཱ་རིའི་བུ་དང༌། སྤྲེའུ་ནི་མོའོ་འགལ་གྱི་བུ་དང༌། གླང་པོ་ཆེ་ནི་ཀུན་དགའ་བོ་བཅས་ཡིན་ནོ། །
Domain ཆོས་ལུགས།