52949
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། གསོ་སྦྱོང་དྲུག་གི་ནང་ཚན་ཞིག།ཚེ་འདིའི་སྡིག་ལྟུང་འགོག་ཅིང་ཚུལ་ཁྲིམས་གཙང་བར་བྱེད་པས་ན་མཐུན་པའི་གསོ་སྦྱོང་ཞེས་བྱའོ། །དགེ་སློང་རྣམས་ལྟུང་བ་བཤགས་པ་དང་བསྡམས་པ་དང་བྱིན་གྱིས་བརླབས་པ་སོགས་ཀྱི་དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། མཐུན་པའི་གསོ་སྦྱོང་ཇི་ལྟར་བྱ་བ་ལ་གཉིས་ཡོད་དེ། དགོས་དོན་དང་། བསྡུས་དོན་གཉིས་སུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། ཚུལ་ཁྲིམས་རྣམ་པར་དག་པར་བྱ་བ་དང་། ཆོས་རྣམ་པར་དག་པར་བྱ་བ་དང་། གསོ་སྦྱོང་མ་བྱས་པའི་ཉེས་པ་ཁེགས་པའི་ཆེད་དུ་ཡིན་པའི་ཕྱིར། མཐུན་པའི་གསོ་སྦྱོང་བྱས་པ་ལ་བརྟེན་ནས་ཚུལ་ཁྲིམས་རྣམ་པར་དག་པར་འགྱུར་ཏེ། དགེ་སློང་རྣམས་གསོ་སྦྱོང་ལ་འཇུག་པའི་ཚེ་ལྟུང་བ་བཤགས་པ་དང་། བསྡམས་པ་དང་བྱིན་གྱིས་བརླབས་པ་སོགས་ལ་ཞུགས་པས་དེ་རྣམ་པར་དག་པར་འགྱུར་བའི་ཕྱིར། དེ་ལ་བརྟེན་ནས་ཆོས་རྣམ་པར་དག་པར་འགྱུར་ཏེ་དེའི་ཚེ་དགེ་བའི་བསམ་པ་མངོན་འགྱུར་བ་དང་བཅས་ནས་འཇུག་པ་དང་། དུས་དྲན་པ་དང་འབྱུང་བར་འགྱུར་བ་བརྗོད་པས་འཆི་བ་མི་རྟག་པ་དྲན་ཏེ་ཆགས་སྡང་མི་འབྱུང་བའི་དགོས་པ་ཡོད་པའི་ཕྱིར་ཏེ། ལུང་ལས། ཚུལ་ཁྲིམས་རྣམ་པར་དག་པའི་ཕྱིར་ནི་གསོ་སྦྱོང་བྱ་ལ། ཆོས་རྣམ་པར་དག་པའི་ཕྱིར་ནི་དགག་དབྱེ་བྱ། ཞེས་གསུངས་པ། ཤེས་བྱེད་དུ་དྲངས་པ་ལྟར་གསོ་སྦྱོང་ལ་བརྟེན་ནས་ཚུལ་ཁྲིམས་དང་ཆོས་གཉིས་ཀ་རྣམ་པར་དག་པར་འགྱུར་བ་ཡིན་མོད། ཆོས་རྣམ་པར་དག་པ་དགག་དབྱེ་དང་སྦྱར་བ་ནི་སོ་སོ་ལ་ཚུལ་ཁྲིམས་དང་ཆོས་གཉིས་ཀ་རྣམ་པར་དག་པར་འགྱུར་བ་གོ་སླ་བའི་ཆེད་དུ་ཡིན་ལ། ཁྱད་པར་དགག་དབྱེ་ལ་ཆགས་སྡང་ཞི་བའི་ཐབས་སྒྲུབ་པ་མང་དུ་ཡོད་དོ། །ཞེས་གསུངས། |
| Domain | ཆོས་ལུགས། |