52952
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མེ་བུམ་སྟེ། རྒྱུ་ཆ་ཟངས་སོགས་ལས་བཟོས་པའི་བུམ་པ་ཞིག་ཡིན་ལ། དེའི་ལྟོ་བའི་འཁྱུད་འཁོར་ལ་སོར་བཅོ་བརྒྱད་དང༌། སྲིད་དུ་སོར་བཅུ་གཉིས། ཁ་ཟླུམ་ཞིང་ནང་ནི་སོར་མོ་བཞི་གཤིབས་ནས་ཤོང་བའི་ཚད་དང་། དེའི་ནང་དུ་རྒྱ་ཤོག་ལ་སོགས་པའི་ཤོག་བུ་སྲབ་མོའི་རིགས་ལ་མེ་སྦར་རྗེས། དེ་མ་ཉིད་དུ་ཕྱི་སྐྲན་དང་གཟེར་ཟུག་རིགས་ཀྱི་སྟེང་དུ་བཏབ་ནས་གཙགས་པས་ཤ་པགས་མཚམས་སུ་ཡོད་པའི་ཕྱི་སྐྲན་རྣམས་འཇུ་ཞིང་འབྱིན་པ་དང༌། དེ་མིན་སྟོད་དུ་རླུང་ཁྲག་འཐབ་པའི་གཟེར་ཟུག་རྣམས་མྱུར་དུ་འཇོམས་པ་ལ་སྦྱར་ནའང་ཕན། |
| Domain | གསོ་རིག |