52961

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཐུན་པའི་སྒྲའི་གབ་ཚིག་ (1)
Part of speech མིང་ཚིག
Definition གབ་ཚིག་གི་རྒྱན་གྱི་ནང་གསེས་བཅུ་གཅིག་པ་སྟེ། གབ་བྱའི་དོན་དེ་དང་མིང་མཐུན་པའི་སྒྲ་ཡི་རྣམ་གྲངས་གཞན་བཀོད་ནས། དེས་གབ་བྱའི་དངོས་མིང་མི་གསལ་བའི་ཚུལ་དུ་བསྒྲིབས་པ་ཞིག་ཡིན། འདི་ལ་མཐུན་པའི་གབ་ཚིག་ཀྱང་ཟེར།
Example བོད་མཁས་པས། ཡི་གེ་བཟང་པོས་མངོན་པར་བརྗོད་པ་ཡི། །ཁམས་ལས་ཡོངས་གྲུབ་རྒྱན་གྱིས་རྣམ་མཛེས་པ། །ཁྱེད་ཀྱི་གེ་སར་མིང་མཐུན་ཤར་གྱི་རིར། །ཉིན་མོར་བྱེད་པ་འཕྲོས་འདྲས་བདག་ཡིད་ཕྲོགས། །ཞེས་པ་ལྟ་བུ།
Domain རྩོམ་རིག