52965

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཐུན་པར་འཇུག་པར་བྱ་བ་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པར་གསང་སྔགས་ཐེག་པར་འཇུག་པའི་ཐབས་བཅུའམ་ཆོས་ཀྱི་རྣམ་གྲངས་བཅུ་རུ་གསུངས་པའི་ཡ་གྱལ་ཞིག་ཡིན། འདི་ནི་རྣལ་འབྱོར་ལམ་པ་དག་གིས་གདུལ་བྱའི་ཆེད་དེའི་བློ་དང་མཐུན་པར་སྤྱོད་པ་སྐྱོང་ཚུལ་སྟེ། དེའང་སྤྱོད་ཚུལ་གསུམ་སྟེ་ཆ་མཐུན་སྦྱོར་བའི་སྤྱོད་པ་ནི། དཔེར་ན་རྩེ་ལྡེ་མངའ་རིས་གཅོད་པ་དང་འདྲ་བར་སྔོན་ལ་གཞན་དང་མཐུན་པར་བྱས་ནས་གཞུག་ཏུ་རང་ལྟར་བསྒྱུར་བ་དང་། མཐུན་འཇུག་གི་སྤྱོད་པ་ནི། དཔེར་ན་དུག་ཟ་བ་ལ་དུག་སྔགས་བྱིན་ནས་ཟས་སུ་འཇུག་པ་དང་འདྲ་བར་གདུལ་བྱ་ཉོན་མོངས་པ་ལ་ཞེན་པ་ལ་ཉོན་མོངས་ལམ་དུ་ཁྱེར་བའི་ཐབས་ཁྱད་པར་ཅན་བསྟན་ནས་ཉོན་མོངས་པ་ལ་སྤྱོད་དུ་འཇུག་པ་དང་། ཐབས་འཛུད་བསྲེ་བའི་སྤྱོད་པ་ནི། དཔེར་ན་གཉེན་ཁ་ལེན་བྱེད་པ་དང་འདྲ་བར་གདུལ་བྱ་དང་སྤྱོད་པ་འདྲེན་མར་སྤྱོད་ནས་འདུལ་བའོ། །
Domain ཆོས་ལུགས།