52972

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པའི་འབྲས་རྟགས་ཡང་དག་ (1)
Part of speech མིང་ཚིག
Definition དེ་སྒྲུབ་ཀྱི་འབྲས་རྟགས་ཡང་དག་གང་ཞིག དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་དེས། དེ་སྒྲུབ་ཀྱི་བསྒྲུབ་ཚུལ་དང་མཐུན་པར་རྟགས་དེ་ལ་ཁྱབ་པ་དེ་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པའི་འབྲས་རྟགས་ཞེས་བྱ་བ་ཡིན་ཏེ། དེ་ཡང་དགའ་བྱང་བླ་རབས་བཅོ་བརྒྱད་པ་མཁས་མཆོག་བློ་བཟང་བསྟན་པའི་རྟགས་རིགས་མཐའ་དཔྱོད་ལས། ཡང་འབྲས་རྟགས་ཡང་དག་ལ་དབྱེ་ན། མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པའི་འབྲས་རྟགས་ཡང་དག་དང་། མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་པའི་འབྲས་རྟགས་ཡང་དག་གཉིས། མཚན་གཞི་རིམ་པ་ལྟར། དུ་བ་དེ། དུ་ལྡན་ལ་ལ་དུ་བའི་དངོས་རྒྱུ་ཡོད་པར་སྒྲུབ་པའི་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པའི་འབྲས་རྟགས་ཡང་དག་དང། དུ་བ་དེ་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་པའི་འབྲས་རྟགས་ཡང་དག་ཡིན། དང་པོ་གང་ཞིག གཉིས་པ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། དུ་བ་དེ་སྒྲུབ་ཀྱི་འབྲས་རྟགས་ཡང་དག་གང་ཞིག དུ་བའི་དངོས་རྒྱུ་ཡོད་ན། དུ་བ་ཡོད་པས་ཁྱབ་པའི་ཕྱིར་ཞེས་གསུངས་པའི་ཕྱིར།
Domain ཚད་མ།

{{#arraymap:མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པའི་འབྲས་རྟགས་ཡང་དག་

|; |@@@ | | }}