52974

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཐུན་ཕྱོགས་ལ་ཁྱབ་བྱེད་མི་མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་པ་ (1)
Part of speech མིང་ཚིག
Definition ཕྱོགས་ཆོས་གཏན་ཚིགས་དགུ་ལས་དངོས་ཀྱི་མ་ངེས་པའི་རྟགས་བཞིའི་ཡ་གྱལ་ཞིག་སྟེ། རྟགས་དེ་གསལ་བ་དེའི་མཐུན་ཕྱོགས་ལ་ཁྱབ་ཅིང་མི་མཐུན་ཕྱོགས་ལ་ཁྱབ་མ་ཁྱབ་གཉིས་ཀའི་ཆ་ཡོད་པ།
Example སྒྲ་ཆོས་ཅན། རྩོལ་བྱུང་ཡིན་ཏེ། མི་རྟག་པའི་ཕྱིར། དཔེར་ན་རྔ་སྒྲ་དང༌། གློག་དང་ནམ་མཁའ་བཞིན། ཞེས་པ་ལྟ་བུ། མི་རྟག་པ་དེ་སྒྲ་རྩོལ་བྱུང་དུ་སྒྲུབ་པའི་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་ཅིང༌། མི་མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་པ་རྩོལ་བྱུང་ལ་མི་རྟག་པས་ཁྱབ། རྩོལ་བྱུང་མ་ཡིན་པ་ལ་རྟག་མི་རྟག་གཉིས་ཀ་ཡོད་པའོ། །
Domain ཚད་མ།

{{#arraymap:མཐུན་ཕྱོགས་ལ་ཁྱབ་བྱེད་མི་མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་པ་

|; |@@@ | | }}