52976

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཐུན་ཕྱོགས་ལ་གཏན་མེད་མི་མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་པ་ (1)
Part of speech མིང་ཚིག
Definition ཕྱོགས་ཆོས་གཏན་ཚིགས་དགུ་ལས་འགལ་རྟགས་གཉིས་ཀྱི་ཡ་གྱལ་ཏེ། རྟགས་དེ་གསལ་བ་དེའི་མཐུན་ཕྱོགས་ལ་གཏན་ནས་མེད་ཅིང་མི་མཐུན་ཕྱོགས་ལ་ཡོད་མེད་གཉིས་ཀའི་ཆ་དང་ལྡན་པ།
Example དུང་སྒྲ་ཆོས་ཅན། རྟག་སྟེ། རྩོལ་བྱུང་ཡིན་པའི་ཕྱིར། དཔེ་ནམ་མཁའ་དང་བུམ་པ་དང་གློག་བཞིན་ཞེས་པ་ལྟ་བུ། རྩོལ་བྱུང་དེ་དུང་སྒྲ་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ལ་གཏན་ནས་མེད་ཅིང༌། མི་མཐུན་ཕྱོགས་མི་རྟག་པ་ལ་རྩོལ་བྱུང་ཡིན་མིན་གྱི་ཆ་གཉིས་ཀ་ཡོད་པའོ། །
Domain ཚད་མ།

{{#arraymap:མཐུན་ཕྱོགས་ལ་གཏན་མེད་མི་མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་པ་

|; |@@@ | | }}