52988

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཐུན་མི་མཐུན་ཕྱོགས་གཉིས་ཀར་ཁྱབ་བྱེད་དུ་འཇུག་པ་ (1)
Part of speech མིང་ཚིག
Definition ཕྱོགས་ཆོས་གཏན་ཚིགས་དགུ་ལས་དངོས་ཀྱི་མ་ངེས་པའི་རྟགས་བཞིའི་ཡ་གྱལ་ཏེ། རྟགས་དེ་གསལ་བ་དེའི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་ཀ་ལ་ཁྱབ་པར་ཡོད་པ།
Example སྒྲ་ཆོས་ཅན། རྟག་སྟེ། གཞལ་བྱ་ཡིན་པའི་ཕྱིར། དཔེ་ནམ་མཁའ་དང་བུམ་པ་བཞིན། ཞེས་པ་ལྟ་བུ། གཞལ་བྱ་དེ་གསལ་བ་དེའི་མཐུན་ཕྱོགས་རྟག་པའི་ཕྱོགས་དང༌། མི་མཐུན་ཕྱོགས་མི་རྟག་པ་གཉིས་ཀ་ལ་ཁྱབ་བྱེད་དུ་འཇུག་པ་རྟག་པ་ཡིན་ན་གཞལ་བྱ་ཡིན་པས་ཁྱབ། མི་རྟག་པ་ཡིན་ན་གཞལ་བྱ་ཡིན་པས་ཁྱབ་པའོ། །
Domain ཚད་མ།