52989

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཐུན་མི་མཐུན་ཕྱོགས་གཉིས་ཀར་རྣམ་པ་གཉིས་གཉིས་སུ་འཇུག་པ་ (1)
Part of speech མིང་ཚིག
Definition ཕྱོགས་ཆོས་གཏན་ཚིགས་དགུ་ལས་དངོས་ཀྱི་མ་ངེས་པའི་རྟགས་བཞིའི་ཡ་གྱལ་ཏེ། རྟགས་དེ་གསལ་བ་དེའི་མཐུན་ཕྱོགས་ལ་ཁྱབ་མ་ཁྱབ་གཉིས་ཀ་དང༌། མི་མཐུན་ཕྱོགས་ལའང་ཁྱབ་མ་ཁྱབ་གཉིས་ཀའི་ཆ་ཡོད་པ། དཔེར་ན་ཟླ་བ་གཉིས་སྣང་གི་དབང་ཤེས་ཆོས་ཅན། མངོན་སུམ་ཡིན་ཏེ། དབང་ཤེས་ཡིན་པའི་ཕྱིར། ཞེས་པ་ལྟ་བུ། དབང་ཤེས་དེ་ཕྱོགས་གཉིས་ལ་རྣམ་པ་གཉིས་གཉིས་སུ་འཇུག་པ་མཐུན་ཕྱོགས་མངོན་སུམ་ལ་དབང་ཤེས་ཡིན་མིན་གཉིས་ཡོད་ཅིང༌། མི་མཐུན་མངོན་སུམ་མིན་པ་ལའང་དབང་ཤེས་ཡིན་མིན་གཉིས་ཡོད་པའོ། །ཡང་ན་འབྱུང་བཞིའི་རྡུལ་ཕྲན་རྟག་པ་དང་རེག་བྱ་ཅན་གཞི་མཐུན་དུ་འདོད་པའི་ངོར། སྒྲ་རྟག་སྟེ། རེག་བྱ་ཅན་མ་ཡིན་པའི་ཕྱིར། དཔེ་ནམ་མཁའ་དང་རྡུལ་ཕྲན་དང་གློག་དང་བུམ་པ་བཞིན་ཞེས་པ་ལྟ་བུའོ། །
Domain ཚད་མ།