52997
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཨ་ནུ་ཡོ་ག རྙིང་མ། མཐུན་འཇུག་སྦྱོར་བའི་ལུང་ཡང་བརྗོད། མདོ་དགོངས་པ་འདུས་པར་སྤྱོད་པའི་འདྲེན་སྒོ་འགྲོལ་བར་བྱེད་པའི་མདོ་བཞིར་གསུངས་པའི་ཡ་གྱལ་ཞིག་སྟེ། དེ་ལ་གདུལ་བྱ་དང་མཐུན་པར་འཇུག་པའི་ཐབས་ཀྱི་ཡང་དག་པའི་དོན་ལ་སྦྱོར་བའམ་དགོད་པའི་ལུང་བཀའ་སྒྲོ་སྐུར་དང་བྲལ་བའི་ཕྱིར་མཐུན་འཇུག་སྦྱོར་བའི་ལུང་ཞེས་བྱ། དེའི་ཚུལ་གཟི་ལྡན་འཆར་ཁའི་འོད་སྣང་ལས། རང་གང་ལ་མོས་པ་དེའི་ཆ་རྐྱེན་ཆེད་གཉེར་གྱིས་སྟོན་པའི་ལུང་དང༌། དེ་ཉིད་ཐབས་ལ་འཛུད་ཕྱིར་བདག་དང་སྤྱོད་པ་བསྲེ་བའི་ལུང་དང༌། ཕ་རོལ་དང་ཆ་མཐུན་པར་སྤྱད་དེ་དོན་ལ་སྦྱོར་བའི་ལུང་དང༌། འཁོར་ལ་གདམས་ངག་བྱིན་པ་ཉིད་ནན་ཏན་གྱི་གནས་སུ་སྟོན་པའི་ལུང་ངོ༌། །ཞེས་པ་ལྟར་རང་རྐྱེན་གཉེར་གྱི་ལུང་། ཐབས་འཛུད་བསྲེ་བའི་ལུང་། ཆ་མཐུན་སྦྱོར་བའི་ལུང་། གདམས་ངག་ནན་ཏན་གྱི་ལུང་སྟེ་བཞི། |
| Domain | ཆོས་ལུགས། |