53099

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཐོང་ (1)
Part of speech བྱ་ཚིག
Definition མིག་གིས་གཟུགས་རིག་པའི་དོན།
Keyword True
Example མཁའ་ལ་སྤྲིན་དཀར་པོ་རྒྱུ་བ་མཐོང་ལྟ་བུ།
Transitive བྱ་བྱེད་ཐ་མི་དད་པ།
Verb Form གཟུགས་མི་འགྱུར་བ།
མཐོང་ (2)
Part of speech བྱ་ཚིག
Definition ཤེས་པའམ་རྟོགས་པའི་དོན་ཏེ།
Example གཞུང་ལུགས་ཀྱི་དཀའ་གནད་མཐོང་ནས་བཤད་ལྟ་བུ།
མཐོང་ (3)
Part of speech བྱ་ཚིག
Definition ཉམས་སུ་མྱོང་བའི་དོན་ཏེ།
Example སྡུག་པོ་མཐོང་ནས་ཉམས་མྱོང་བསགས་ལྟ་བུ།
མཐོང་ (1)
Part of speech མཚུངས་ཚིག
Definition མཚུངས་གསལ་གྱི་སྒྲ་རྩ་བའི་གཞུང་ཚིག་གིས་མ་ཟིན་པ་བཅུ་གཅིག་ལས་བཞི་པ་སྟེ། འདྲ་བའམ་མཚུངས་པའི་དོན་སྟོན་པའི་ཚིག་གྲོགས་ཤིག
Example རྒྱལ་དབང་ལྔ་པས། གངས་རིའི་དུམ་བུ་ལྟར་དཀར་བར། །སོ་ཡི་ཕྲེང་བ་བདག་གིས་མཐོང་། །ཞེས་པ་ལྟ་བུ།
Domain རྩོམ་རིག