53114

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཐོང་ཆོས་བཞི་ (1)
Part of speech མིང་ཚིག
Definition མདོ། མངོན་པ། མཐོང་ལམ་ཐོབ་པའི་ཚེ་འདི་ལ་མྱ་ངན་ལས་འདའ་བར་ངེས་པའི་ཕྱིར་མི་འོང་དུ་དམིགས། དེའི་མཚན་ཉིད། མཐོང་ཆོས་ཞི་པའི་དོན་ནི། རང་གི་འབྲས་བུ་དང་དགྲ་བཅོམ་པའི་འབྲས་བུ་གཉིས་ཀྱི་བར་དུ་འབྲས་བུ་གཞན་གྱིས་མ་ཆོད་པར་མཐོང་ལམ་ཐོབ་པའི་ཚེ་དེ་ཉིད་ལ་དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱེད་པ་ཞིག་ལ་འཇོག དེ་ལ་དགུར་དབྱེ་ཚུལ་ཡོད་དེ། དབྱེ་གཞི་ནི་དེར་གྱུར་པའི་བར་འདའ་བ། སྐྱེ་འདའ་བ། གོང་འཕོ་བ་གསུམ་ཡིན་ལ། སྔ་མ་ལ་མྱུར་བ་དང་། མྱུར་བ་མ་ཡིན་པ་དང་། ཡུན་རིང་མོ་ཞིག་ནས་མྱ་ངན་ལས་འདའ་བ་དང་གསུམ། གཉིས་པ་ལ་སྐྱེས་ནས་དང་། མངོན་པར་འདུ་བྱེད་དང་། མངོན་པར་འདུ་བྱེད་མེད་པར་མྱ་ངན་ལས་འདའ་བ་དང་གསུམ། གསུམ་པ་ལ་འཕར་བ་དང་། ཕྱེད་འཕར་བ་དང་། གནས་ཐམས་ཅད་དུ་འཆི་འཕོོ་བ་དང་གསུམ་དུ་ཕྱེ་ནས་དགུར་དབྱེ་བ་ཡིན་པའི་ཕྱིར། དེ་གསུམ་གྱི་ཁྱད་པར་ཡོད་དེ། མངོན་པར་འགྲུབ་པའི་ལས། སྐྱེ་ནས་མྱོང་འགྱུར་གྱི་ལས་དང་། ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་བསགས་པ་དང་གསུམ། དབང་པོ་རྣོན་པོ་དང་། འབྲིང་དང་། རྟུལ་པོར་གྱུར་པ་དང་། ཉོན་མོངས་ཆུང་ངུ་དང་། འབྲིང་དང་། ཆེན་པོ་ལ་སྤྱོད་པ་ཡིན་པའི་ཕྱིར།
Domain ཆོས་ལུགས།