53122
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། མངོན་པ། ཏིང་ངེ་འཛིན་སྒོམ་པ་བཞིའི་ནང་གསེས་ཤིག་སྟེ། མཐོང་བའི་ཆོས་ཚེ་འདི་ལ་ཡིད་བདེ་བར་གནས་པར་འགྱུར་པའི་ཏིང་ངེ་འཛིན་བསམ་གཏན་དང་པོ་གསུམ་པོ་གང་རུང་གི་དངོས་གཞི་སྟེ། སེར་སྨད་རྒྱལ་དབང་མཛོད་ལས། དེ་ལ་ཁོ་ན་རེ། འདིར་དངོས་བསྟན་གྱི་མཐོང་ཆོས་བདེར་གནས་ཀྱི་ཏིང་ངེ་འཛིན་ལ་བསམ་གཏན་ཕྱི་མ་གསུམ་གྱི་དངོས་གཞི་ཡང་འཇོག་རིགས་པར་ཐལ། འགྲེལ་པ་མངོན་པའི་རྒྱན་ལས། འདི་ནི་འདོད་པ་ལས་འདས་པའི་དང་པོ་ཡིན་པས་དེ་སྐད་དུ་བཤད་ཀྱི་བསམ་གཏན་གཞན་དག་ཀྱང་མཐོང་ཆོས་ལ་བདེར་གནས་ཡིན་ནོ། །ཞེས་གསུངས་པའི་ཕྱིར་ཟེར་ན་མ་ཁྱབ་སྟེ། བསམ་གཏན་དང་པོ་ལས་གཞན་པའི་གཉིས་པ་དང་གསུམ་པའི་དངོས་གཞི་གཉིས་རང་རང་གི་འོག་མ་ལས་འདས་པའི་རང་སའི་བདེ་བས་བློ་ལྷག་པར་ཚིམ་པས་མཐོང་ཆོས་བདེར་གནས་ཀྱི་ཏིང་ངེ་འཛིན་ཡིན་ཞེས་པའི་དོན་ལས། བཞི་པའི་དངོས་གཞི་དེར་འཇོག་པའི་དོན་མ་ཡིན་ཏེ། བཞི་པའི་དངོས་གཞི་མངོན་དུ་གྱུར་པའི་ཚེ་རང་སའི་བདེ་བས་བློ་ལྷག་པར་ཚིམ་པ་མེད་པའི་ཕྱིར། ཁྱབ་སྟེ། སློབ་དཔོན་གང་སྤེལ་གྱིས་མཛད་པའི་འགྲེལ་བཤད་མཚན་ཉིད་ཀྱི་རྗེས་སུ་འབྲང་བ་ལས། དེའི་བདེ་བས་བློ་ལྷག་པར་ཡོངས་སུ་ཚིམ་པས་ཡིན་ཏེ་དཔེར་ན་འབྲོག་ཏུ་ངལ་ཞིང་སྐོམ་པ་ཆུ་རྙོག་པ་ཅན་གྱིས་ཚིམ་པ་བཞིན་ནོ། །ཞེས་གསུངས་པའི་ཕྱིར་དང༌། འགྲེལ་པ་མངོན་པའི་རྒྱན་ལས་ཀྱང༌། ཕྱི་མ་ལ་བདེ་བ་མྱོང་བར་ངེས་པ་ནི་མེད་དེ། ཉམས་པ་དང༌། ཕྱི་མ་ལ་གཉིས་པ་ལ་སོགས་པར་སྐྱེས་པ་དང༌། མཐོང་ཆོས་ལ་མྱ་ངན་ལས་འདས་པ་རྣམས་ལ་ཚེ་ཕྱི་མ་ལ་བདེ་བར་གནས་པ་མེད་པའི་ཕྱིར་དང༌། ཟག་མེད་ལ་རྣམ་སྨིན་ཀྱང་མེད་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་རོ། །ཞེས་གསུངས། |
| Domain | ཆོས་ལུགས། |