53123

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཐོང་ཆོས་ལ་མྱོང་ངེས་ཀྱི་ལས་ (1)
Part of speech མིང་ཚིག
Definition མདོ། མངོན་པ། གཉིས་པ་མཐོང་ཆོས་ལ་མྱོང་ངེས་ཀྱི་དབྱེ་བ་ཡོད་དེ། དེ་ལ་ལས་ཀྱི་ནུས་པ་མཐོང་ཆོས་ལ་ངེས་པ། གཉེན་པོའི་ནུས་པ་དེར་ངེས་པ། ཞིང་གི་ནུས་པ་དེར་ངེས་པ་རྣམས་སུ་ཡོད་པའི་ཕྱིར། འགོག་བྱམས་ཞེས་སོགས་ཀྱི་དོན་ནི། མཐོང་ཆོས་ཏེ་ཚེ་འདི་ཉིད་ལ་རྣམ་སྨིན་མྱོང་ངེས་ཀྱི་ལས་གཞག་ཏུ་ཡོད་དེ། སངས་རྒྱས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་དང་། གང་ཟག་གང་དག་འགོག་པའི་སྙོམས་འཇུག་དང་བྱམས་པའི་ཏིང་ངེ་འཛིན་དང་ཉོན་མོངས་མེད་པའི་ཏིང་ངེ་འཛིན་ལས་ལངས་མ་ཐག་པ་དང་། མཐོང་ལམ་ལས་ལངས་མ་ཐག་པ་སྟེ་མཐོང་སྤངས་སྤངས་པའི་གང་ཟག་དང་། དགྲ་བཅོམ་གྱི་འབྲས་བུ་ལས་ལངས་མ་ཐག་པ་སྟེ་སྒོམ་སྤང་སྤངས་པའི་གང་ཟག་རྣམས་ལ་བསམ་བཞིན་དུ་ལུས་ངག་གི་ཕན་པའམ་གནོད་པར་བྱས་པའི་ལས་རྣམས་ཀྱི་རྣམ་སྨིན་གྱི་འབྲས་བུ་འཕྲལ་དུ་སྟེ་ཚེ་འདི་ཉིད་ལ་སྨིན་པར་འགྱུར་བའི་ཕྱིར།
Domain ཆོས་ལུགས།