53133
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འདུལ་བ་བསྡུས་པ་ལས་བྱུང་བ་སྟེ། ༡ ལེ་ལོའི་གཉེན་པོར་བརྩོན་འགྲུས་རྩོམ་པས་རྣམ་པར་དག་པ། ༢ ཁ་ན་མ་ཐོ་བ་བྱུང་བའི་གཉེན་པོར་ཁ་ན་མ་ཐོ་བ་མེད་པ་སྐྱེད་པས་རྣམ་པར་དག་པ། ༣ བསླབ་པ་ཁྱད་དུ་གསོད་པའི་གཉེན་པོར་གུས་པ་དང་བཅས་པ་རྣམ་པར་དག་པ། ༤ འགྱོད་པའི་གཉེན་པོར་འགྱོད་པ་མེད་པས་རྣམ་པར་དག་པ། ༥ རྣམ་པར་མ་དག་པའི་གཉེན་པོར་ཏིང་ངེ་འཛིན་དང་། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་རྣམས་ཀྱིས་རྣམ་པ་དག་པའོ། ། |
| Domain | ཆོས་ལུགས། |