53134
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། དབུ་མ། མཐོང་བ་བརྫུན་པ་ཆོས་ཅན། རྣམ་པ་གཉིས་སུ་འདོད་དེ། དབང་པོ་གསལ་བ་སྟེ་འཕྲལ་གྱི་འཁྲུལ་རྒྱུས་མ་བསླད་པའི་དབང་པོ་ལ་བརྟེན་པའི་ཤེས་པ་དང་། དབང་པོ་སྐྱོན་ལྡན་ཏེ་འཕྲལ་གྱི་འཁྲུལ་རྒྱུས་སླད་པའི་དབང་པོ་ལ་བརྟེན་པའི་ཤེས་པ་གཉིས་སུ་ཡོད་པའི་ཕྱིར། སྐྱོན་དང་ལྡན་པའི་དབང་ཅན་རྣམས་ཀྱི་ཤེས་པ་ནི་ཆོས་ཅན། དབང་པོ་ལེགས་པར་གྱུར་པའི་ཤེས་པ་ལ་ལྟོས་ནས་ལོག་པར་འདོད་དེ། དེ་ལ་ལྟོས་ནས་ལོག་ཤེས་ཡིན་པའི་ཕྱིར། གཉིས་པ་ནི། གནོད་པ་མེད་པའི་དབང་པོ་སྟེ་འཇུག་ཤེས་དྲུག་པོ་རྣམས་ཀྱིས་བཟུང་བའི་དོན་གང་ཞིག་ཆོས་ཅན། འཕགས་པའི་གཟིེགས་ངོར་བདེན་པ་མ་ཡིན་ཡང་འཇིག་རྟེན་ཉིད་ལས་བདེན་པར་བཞག་པ་ཡིན་ཏེ། འཇིག་རྟེན་གྱི་ཚད་མས་རྟོགས་པའི་ཕྱིར། ལྷག་མ་ནི་ཆོས་ཅན། འཕགས་པའི་གཟིགས་པ་ལ་མི་ལྟོས་པར་འཇིག་རྟེན་ཉིད་ལས་ལོག་པར་རྣམ་པར་བཞག་པ་ཡིན་ཏེ། ཁྱོད་ལ་འཇིག་རྟེན་གྱི་ཚད་མས་གནོད་པའི་ཕྱིར། ལྷག་མ་དེ་གང་ལ་བྱ་ཞེ་ན། མི་ཤེས་གཉིད་ཀྱིས་རབ་ཏུ་བསྐྱོད་པའི་མུ་སྟེགས་ཅན་རྣམས་ཀྱི་གཙོ་བོ་ལ་སོགས་པའི་བདག་ཉིད་རང་རང་གི་གཞུང་ལས་ཇི་ལྟ་བ་བཞིན་བརྟགས་པ་དང་། སྒྱུ་མ་དང། སྨིག་རྒྱུ་དང་། གཟུགས་བརྙན་སོགས་ལ་བརྟགས་པའི་རྟ་གླང་དང་ཆུ་དང་བྱད་བཞིན་ལ་སོགས་པ་གང་ཡིན་པ་དེ་དག་ཆོས་ཅན། ཁྱོད་ལ་འཇིག་རྟེན་གྱི་ཚད་མས་གནོད་པ་ཡིན་ཏེ། རིགས་ཤེས་ལ་མི་ལྟོས་པར་འཇིག་རྟེན་ལས་ཀྱང་ཡོད་པ་མིན་པ་ཉིད་དུ་རྟོགས་པའི་ཕྱིར། དོན་ནི་བྱད་བཞིན་གྱི་གཟུགས་བརྙན་ཆོས་ཅན། ལོག་པའི་ཀུན་རྫོབ་ཡིན་ཏེ་ཀུན་རྫོབ་ཀྱིི་བདེན་པ་གང་ཞིག། སྣང་བ་ལྟར་དོན་བྱེད་མི་ནུས་པར་འཇིག་རྟེན་གྱི་ཚད་མས་ཀྱང་རྟོགས་ནུས་པའི་ཕྱིར་རོ། །ཞེས་པཎ་ཆེན་ཤཱཀ་མཆོག་གིས་དབུ་འཇུག་རྣམ་བཤད་ལས་གསུངས་སོ། ། |
| Domain | ཆོས་ལུགས། |