53147

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཐོང་བ་སྤང་བར་བྱ་བའི་ཉོན་མོངས་པའི་རིས་བརྒྱ་རྩ་བཅུ་གཉིས་ (1)
Part of speech མིང་ཚིག
Definition ཆོས་མངོན་པ་ཀུན་ལས་བཏུས་པ་ལས་བྱུང་བ་སྟེ། ༡ འདོད་པའི་ཁམས་ན་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་བཅུ་དང་དེ་བཞིན་དུ་ཀུན་འབྱུང་བ་དང་འགོག་པ་དང་ལམ་ལ་བཅུ་བཅུ་སྟེ་བསྡོམས་པས་བཞི་བཅུ། ༢ གཟུགས་ཀྱི་ཁམས་ན་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་དགུ་སྟེ། དེ་བཞིན་དུ་ཀུན་འབྱུང་བ་དང་འགོག་པ་དང་ལམ་ལ་ཡང་དགུ་དགུ་སྟེ་བསྡོམས་པས་སུམ་ཅུ་རྩ་དྲུག ༣ གཟུགས་མེད་པ་ལ་གཟུགས་ཀྱི་ཁམས་ཇི་ལྟ་བ་བཞིན་སུམ་ཅུ་རྩ་དྲུག་དང་བཅས་སོ། །
Domain ཆོས་ལུགས།