53162
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མི་ཕམ་མཁས་པའི་ཚུལ་ལ་འཇུག་པའི་སྒོ་ལས་བྱུང་བ་སྟེ། ༡ མཐོང་བསྒོམ་གྱིས་སྤང་བྱ་བརྒྱ་དང་ཉེར་བརྒྱད་ལ་འདོད་པ་ཀུན་ནས་དཀྲིས་པ་བཅུ་བསྣན་ཏེ་བརྒྱ་དང་སོ་བརྒྱད། ༢ ཟག་པ་བརྒྱ་དང་སོ་བརྒྱད་ནི། མ་རིག་པའི་ཟག་པ་བཅོ་ལྔ། འདོད་པའི་ཟག་པ་ང་གཅིག། སྲིད་པའི་ཟག་པ་དོན་གཉིས་སུ་འགྱུར་བས་བརྒྱ་དང་སོ་བརྒྱད། ༣ ཆུ་སྦྱོར་བརྒྱ་དང་སོ་བརྒྱད་ནི། མ་རིག་པའི་ཆུ་སྦྱོར་བཅོ་ལྔ། ལྟ་བའི་ཆུ་སྦྱོར་རེ་དྲུག། འདོད་པའི་ཆུ་སྦྱོར་ཉེར་དགུ། སྲིད་པའི་ཆུ་སྦྱོར་ཉེར་བརྒྱད་དང་བརྒྱ་དང་སོ་བརྒྱད། ༤ ཉེར་ལེན་བརྒྱ་དང་སོ་བརྒྱད་ནི། འདོད་པ་ཉེར་ལེན་སོ་བཞི། སྲིད་པ་ཉེར་ལེན་སོ་བརྒྱད། ལྟ་བ་ཉེར་ལེན་ང་བཞི། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་ཉེར་ལེན་བཅུ་གཉིས་དང་བརྒྱ་དང་སོ་བརྒྱད་དོ། ། |
| Domain | ཆོས་ལུགས། |