53166

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཐོང་བྱེད་ཚད་མ་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་བླ་མེད་རྒྱུད། དུས་འཁོར་སྦྱོར་དྲུག ཇོ་ནང་། སོར་བསམ་གྱི་རིམ་པར་དབང་མངོན་དང་། སྲོག་འཛིན་གྱི་རིམ་པར་ཡིད་མངོན་དང་། རྗེས་དྲན་གྱི་རིམ་པར་རྣལ་འབྱོར་དང་། ཏིང་ངེ་འཛིན་གྱི་རིམ་པར་རང་རིག་གོ །དེ་དག་ཀྱང་གནས་སྐབས་དེ་དང་དེར་གཙོ་བོར་སྤྱོད་པ་དང་གསར་ཐོབ་ཀྱི་དབང་དུ་བྱས་ལ། སྤྱིར་ནི་ཡིད་རྣམ་རྟོག་འགགས་ཤིང་ཐིག་ལེའི་བདེ་བ་དང་འབྲེལ་བའི་ཡེ་ཤེས་ཡིན་པའི་ཕྱིར་ཡིད་ཀྱི་མངོན་སུམ་དང་། དོན་དམ་པའི་དབང་པོའི་ཤེས་པས་སྟོང་པ་ཉིད་ཀྱི་གཟུགས་སོགས་འཛིན་པའི་ཕྱིར་དབང་པོའི་མངོན་སུམ་དང་། ཆོས་ཉིད་ལ་མངོན་སུམ་པའི་ཏིང་ངེ་འཛིན་ཡིན་པའི་ཕྱིར་རྣལ་འབྱོར་མངོན་སུམ་དང་། གནས་ལུགས་རིག་བྱ་རིག་བྱེད་གཉིས་མེད་པའི་རིག་པ་ཡིན་པས་རང་རིག་མངོན་སུམ་དང་། རིམ་པ་དྲུག་ཀར་ལ་མངོན་སུམ་བཞི་ཆར་ཚང་ངོ་། །
Domain ཆོས་ལུགས།