53197

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཐོང་སྤང་ (1)
Part of speech མིང་ཚིག
Definition མདོ། མངོན་པ། ངེས་ཚིག །མཆིམས་མཛོད་ལས། བདེན་པ་མཐོང་བ་ཙམ་གྱིས་སྤོང་བས་མཐོང་སྤང་ཡིན་ནོ། །ཞེས་གསུངས། མཐོང་སྤང་ནི་བདེན་པ་ལ་ལོག་པར་རྟོག་པ་དང་དེའི་རྗེས་འབྲང་གང་རུང་གི་ཉོན་མོངས་ཅན་ཞིག་སྟེ། དཔེར་ན་བདེན་པ་ལ་ལོག་པར་ཞུགས་པ་འཇིག་ལྟ་དང་། དེའི་རྗེས་འབྲང་སྟེ་དེ་དང་མཚུངས་ལྡན་ནམ་དེའི་མཚན་ཉིད་སྐྱེ་སོགས་དང་། དེའི་ཐོབ་པ་ལ་སོགས་པ་ཡིན་ཏེ། མཆིམས་མཛོད་ལས། ངན་སོང་བའི་ལུས་ངག་གི་ལས་ཀྱང་གཟུགས་ཡིན་པའི་ཕྱིར་མཐོང་སྤང་མིན་ཏེ། དེ་ནི་བདེན་པ་ལ་ལོག་པར་མི་རྟོག་ཅིང་དེའི་རྗེས་འབྲང་དང་ཐོབ་པའང་མ་ཡིན་པའི་ཕྱིར་རོ། །ཞེས་དང་།སེར་སྨད་རྒྱལ་དབང་མཛོད་ལས། མཐོང་སྤང་ནི་ཉོན་མོངས་ཅན་དང༌། དེ་ཡང་ཡིད་ཤེས་དངོས་སམ། དེ་ལས་སྐྱེས་པ་དང༌། དེ་ལས་འབྲེལ་བ་གང་རུང་ཡིན་པ་ཞིག་དགོས་སོ། །ལུགས་འདིར་ཉོན་མོངས་ཅན་ལ་མི་དགེ་བ་དང༌། སྒྲིབ་ལུང་མ་བསྟན་གང་རུང་གིས་ཁྱབ་བོ། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:མཐོང་སྤང་

|; |@@@ | | }}

མཐོང་སྤང་ (2)
Part of speech མིང་ཚིག
Definition སྤང་བྱ་ཀུན་བཏགས་ཀྱིས་བསྡུས་པ་གང་ཞིག རང་གི་དངོས་གཉེན་དུ་གྱུར་པའི་བར་ཆད་མེད་ལམ་གྱི་གཞོམ་བྱར་དམིགས་པ། མཐོང་སྤང་གི་མཚན་ཉིད། ཀུན་བཏགས་ཀྱི་བསྡུས་པ་ཞེས་སྨོས་པ་ལ་དགོས་པ་ཡོད་དེ། མི་དགེ་བའི་ལས་ཀྱི་རྣམ་སྨིན་གྱི་འབྲས་བུར་གྱུར་བའི་ངན་སོང་བའི་ཕུང་ཁམས་སྐྱེ་མཆེད་རྣམས་དང༌། སོ་སོ་སྐྱེ་བོའི་ལུས་ངག་གི་ལས་ངན་པ་རྣམས་ཀྱང་དེར་བསྡུ་བའི་དགོས་པ་ཡོད་པའི་ཕྱིར། དེ་རྣམས་སྤང་བྱ་ཀུན་བཏགས་མིན་ཏེ། དེ་རྣམས་ནི་གྲུབ་མཐས་བློ་ཁ་ཅུང་ཟད་ཀྱང་མ་བསྒྱུར་བའི་གང་ཟག་གི་རྒྱུད་ལ་ཡོད་ཅིང༌། སྤང་བྱ་ཀུན་བཏགས་ནི་གྲུབ་མཐས་བློ་ཁ་བསྒྱུར་བའི་གང་ཟག་ཁོ་ནའི་རྒྱུད་ལ་ཡོད་པའི་ཕྱིར་ཏེ། དེ་ནི་གྲུབ་མཐའི་དབང་གི་དེ་དང་དེར་བཏགས་པའི་ཕྱིན་ཅི་ལོག་ཏུ་བཏགས་པའི་རྒྱུ་མཚན་གྱིས་སྤང་བྱར་གྱུར་པ་ཡིན་པའི་ཕྱིར་ཏེ། སྤང་བྱ་ཀུན་བཏགས་རྣམས་ནི་རྣམ་པར་རྟོགས་པས་བཏགས་ཙམ་ལ་ཀུན་བཏགས་སུ་བྱས་པ་དེ་མ་ཡིན་པའི་ཕྱིར་ཏེ། འདི་ནི་མཚན་ཉིད་གསུམ་དུ་ཕྱེ་བའི་ཀུན་བཏགས་དང་དོན་མི་གཅིག་པའི་ཕྱིར། དེ་ལ་དབྱེ་ན། མཐོང་སྤངས་སུ་གྱུར་པའི་ཉོན་སྒྲིབ་དང༌། ཤེས་བྱའི་སྒྲིབ་པ། དེ་གཉིས་ལས་དོན་གཞན་དུ་གྱུར་པའི་མཐོང་སྤངས་དང་གསུམ། མཐོང་སྤངས་སུ་གྱུར་པའི་ཉོན་སྒྲིབ། མངོན་གྱུར་དང་ས་བོན་གྱི་ཆ་གཉིས། དང་པོ་ལ་བརྒྱ་དང་བཅུ་གཉིས་ཡོད།

{{#arraymap:མཐོང་སྤང་

|; |@@@ | | }}

མཐོང་སྤང་ (3)
Part of speech མིང་ཚིག
Definition འཕགས་ལམ་གྱི་སྤང་བྱ་གཉིས་ཀྱི་ཡ་གྱལ་ཞིག་སྟེ། མཐོང་ལམ་གྱིས་སྤང་བར་བྱ་བ་ཉོན་མོངས་ཀུན་བཏགས་ཀྱི་ཆ་དང་ཤེས་སྒྲིབ་རགས་པ་རྣམས་སོ། །དེ་ཡང་ཇི་ལྟར་སྤོང་ཚུལ་ནི། མཐོང་སྤང་རྣམས་ནི་དམིགས་པའི་ཡུལ་ཡོངས་སུ་ཤེས་པས་སྤོང་དང་། ཡུལ་དེ་དག་ལ་དམིགས་པའི་ཡུལ་ཅན་ཡང་དག་པར་ཟད་པ་དེ་སྤངས་པས་སྤོང་བ་དང་། དམིགས་པའི་ཡུལ་སྤངས་པས་ཡུལ་ཅན་སྤང་བ་སྟེ་སྤོང་ཚུལ་གསུམ་ཡོད་དེ། དེ་ལ་དམིགས་པ་ཡོངས་སུ་ཤེས་པས་ནི་སྡུག་བསྔལ་དང་ཀུན་འབྱུང་བ་མཐོང་བས་སྤང་བར་བྱ་བ་རང་གི་ས་ལ་དམིགས་པ་རྣམས་དང་། འགོག་པ་དང་ལམ་མཐོང་བས་སྤང་བར་བྱ་བ་ཟག་པ་མེད་པ་ལ་དམིགས་པ་རྣམས་ཟད་པར་འགྱུར་རོ། །དེ་ལ་དམིགས་པ་ཡང་དག་པར་ཟད་པས་ནི་སྐལ་བ་མི་མཉམ་པའི་ཁམས་ཀུན་ཏུ་འགྲོ་བ་རྣམས་ཟད་པར་འགྱུར་ཏེ། དེ་ལ་དམིགས་པ་ནི་སྐལ་བ་མཉམ་པའི་ཁམས་ཀུན་ཏུ་འགྲོ་བ་དག་ཡིན་པས་དེ་དག་སྤངས་ན་དེ་དག་ཀྱང་སྤང་བ་ཡིན་ནོ། །དམིགས་པ་སྤངས་པས་ནི་འགོག་པ་དང་ལམ་མཐོང་བས་སྤང་བར་བྱ་བ་ཟག་པ་དང་བཅས་པ་ལ་དམིགས་པ་རྣམས་ཟད་པར་འགྱུར་ཏེ། ཟག་པ་མེད་པ་ལ་དམིགས་རྣམས་ནི་དེ་དག་གི་དམིགས་པ་ཡིན་པས་དེ་དག་སྤངས་ན་དེ་དག་ཀྱང་སྤང་བ་ཡིན་ནོ། །

{{#arraymap:མཐོང་སྤང་

|; |@@@ | | }}

མཐོང་སྤང་ (4)
Part of speech མིང་ཚིག
Definition བདེན་པའི་གནས་ལུགས་མངོན་སུམ་དུ་མཐོང་བ་ལ་བརྟེན་ནས་སྤང་བར་བྱ་བའི་སྒྲིབ་པ་ཀུན་བཏགས་ཀྱི་ཆ་རྣམས་ལ་མཐོང་སྤང་ཞེས་ཟེར། དེ་ལ་དབྱེ་ན། མཐོང་སྤང་ཉོན་སྒྲིབ་ཀྱི་ཆ་དང། ཤེས་སྒྲིབ་ཀྱི་ཆ་གཉིས་ཡོད།

{{#arraymap:མཐོང་སྤང་

|; |@@@ | | }}