From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
མཐོང་སྤང་གཉེན་པོའི་ཚོགས་སྒྲུབ་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། ཕར་ཕྱིན། གཉེན་པོ་ཚོགས་སྒྲུབ་གང་ཞིག མཐོང་སྤང་གི་གཉེན་པོར་དམིགས་པ། དེ་དང་ཐེག་ཆེན་གྱི་མཐོང་ལམ་དོན་གཅིག དེ་ལ་དབྱེ་ན། མཐོང་སྤང་གཉེན་པོ་ཚོགས་སྒྲུབ་བཞི།
|
| Domain
|
ཆོས་ལུགས།
|
མཐོང་སྤང་གཉེན་པོའི་ཚོགས་སྒྲུབ་ (2)
| Part of speech
|
མིང་ཚིག
|
| Definition
|
མཐོང་སྤང་བདེན་འཛིན་གྱི་དངོས་གཉེན་དུ་གྱུར་པའི་ཐེག་ཆེན་གྱི་བདེན་པ་མངོན་རྟོགས་དེ། མཐོང་སྤང་གཉེན་པོའི་ཚོགས་སྒྲུབ་ཀྱི་མཚན་ཉིད་ཡིན། དེ་ལ་ལྡོག་པའི་སྒོ་ནས་དབྱེ་ན། མཐོང་སྤང་ཤེས་སྒྲིབ་འཇུག་པ་གཟུང་རྟོག་གི་དངོས་གཉེན། ལྡོག་པ་གཟུང་རྟོག་གི་དངོས་གཉེན། བཏགས་འཛིན་འཛིན་རྟོག་གི་དངོས་གཉེན། རྫས་འཛིན་འཛིན་རྟོག་གི་དངོས་གཉེན་དང་བཞི་ཡོད་ཅིང་བཞི་པོ་ཡིན་ཁྱབ་མཉམ་ཡིན།
|