From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
མཐོང་སྤང་བཏགས་འཛིན་རྟོག་པ་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། ཕར་ཕྱིན། མཚན་ཉིད་ནི། མཐོང་སྤང་དུ་གྱུར་པའི་ཤེས་སྒྲིབ་གང་ཞིག། རང་ཡུལ་ལོངས་སྤྱོད་པ་པོ་ལ་དམིགས་ནས་འཛིན་པ་པོར་བཏགས་པ་ཙམ་དུ་མངོན་པར་ཞེན་པའི་བློའོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་རབ་གསལ་ལས་སོ། ། འཕགས་པའི་གང་ཟག་དག་གི་སྐྱེས་བུ་བཏགས་པར་ཡོད་པའི་རྟེན་ཅན་གྱི་འཛིན་པ་རྣམ་པ་རྟོག་པའི་ངོ་བོ་ནི། ཆེད་བཞིན་ངེས་པར་མི་འབྱུང་ཞེས་སོགས་ཀྱི་ཡུལ་ལ་བཏགས་པ་ཙམ་དུ་ཞེན་པའི་བློ་དེ། བཏགས་འཛིན་གྱི་རྣམ་པར་རྟོག་པ་ཡིན་ཏེ། ཡུལ་ལ་བཏགས་པ་ཙམ་དུ་ཞེན་པའི་བློ་ཡིན་པའི་ཕྱིར། འདིར་བཏགས་པའི་དངོས་པོར་མངོན་པར་ཞེན་པ་ཉིད་ཀྱིས་བཏགས་པའི་འཛིན་པར་རྣམ་པར་རྟོག་ཅེས་སོ། །མི་མཐུན་ཕྱོགས་སུ་བསྟན་པ་ནི། བཏགས་པའི་རྟེན་ཅན་གྱི་རྟོག་པ་དེ། མཐོང་ལམ་རྩེ་སྦྱོར་གྱི་མི་མཐུན་ཕྱོགས་སུ་གྱུར་པ་ཡིན་ཏེ། དེ་སྐྱེ་བའི་གེགས་བྱེད་ཡིན་པའི་ཕྱིར། མཐོང་སྤང་ཉོན་མོངས་པ་བཞིན། དབྱེ་བ་ནི། རྣམ་པ་དགུ་ཡོད་དེ། ཡུལ་དགུ་ཡོད་པའི་དབྱེ་བས་སོ། །རྟོག་པར་སྒྲུབ་པ་ནི། ཡུལ་གྱི་གནས་ཚུལ་ཇི་ལྟ་བ་བཞིན་མ་ཡིན་པར་འཛིན་པའི་རང་གི་ངོ་བོ་དག་ཏུ་ཤེས་པར་བྱའོ། །ཞེས་ཀུན་མཁྱེན་རོང་སྟོན་གྱི་རྣམ་བཤད་ཚིག་དོན་རབ་གསལ་ལས་སོ། ། མཐོང་སྤང་དུ་གྱུར་པའི་རྟོག་པ་གང་ཞིག ཡུལ་འཛིན་པ་ལ་དམིགས་ནས་བཏགས་པ་ཙམ་གྱིས་འཛིན་པར་ཞེན་པའི་བློ་དེ། མཐོང་སྤང་བཏགས་འཛིན་རྟོག་པའི་མཚན་ཉིད། དབྱེ་ན། སྐྱེས་བུ་ལ་བཏགས་འཛིན་རྟོག་པ་དང། ཆོས་ལ་བཏགས་འཛིན་རྟོག་པ་གཉིས་སོ། །ཞེས་པཎ་ཆེན་ཤཱཀ་མཆོག་གི་རྒྱན་འགྲེལ་ལུང་དོན་རྒྱ་མཚོ་ལས་སོ། །
|
| Domain
|
ཆོས་ལུགས།
|
མཐོང་སྤང་བཏགས་འཛིན་རྟོག་པ་ (2)
| Part of speech
|
མིང་ཚིག
|
| Definition
|
རང་རྒྱུད་པ། རང་གི་དམིགས་ཡུལ་དུ་གྱུར་པའི་བཏགས་འཛིན་ལ་དམིགས་ནས་དེ་ལོངས་སྤྱོད་བྱེད་དུ་བདེན་པར་འཛིན་པའི་བདེན་འཛིན་ཀུན་བཏགས་ཤིག་ལ་ཟེར། པཎ་ཆེན་ཕར་ཕྱིན་མཐའ་དཔྱོད་ལས། རང་གི་དམིགས་ཡུལ་དུ་གྱུར་པའི་བཏགས་འཛིན་ལ་དམིགས་ནས་ལོངས་སྤྱོད་བྱེད་དུ་བདེན་པར་ཞེན་པའི་ཞེན་རིག་དེ། ཤེས་སྒྲིབ་བཏགས་འཛིན་རྟོག་པའི་མཚན་ཉིད། ཅེས་གསུངས།
|