53213
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཕར་ཕྱིན། རང་རྒྱུད་པ། གདུལ་བྱའི་བསམ་ངོ་ལ་བལྟོས་ནས་ཐེག་ཆེན་མཐོང་ལམ་གྱི་སྤང་བྱར་གྱུར་པའི་རྫས་འཛིན་དེ་ལ་གྲངས་དགུར་ངེས་པ་ལ་ཟེར། དེ་ལྟར་པཎ་ཆེན་ཕར་ཕྱིན་རྩ་ཊཱིཀ་ལས། དགུ་བོ་གང་ཞེ་ན། འདི་ལ་གཉིས་ཏེ། རྣམ་མཁྱེན་གྱི་རྒྱུ་ལས་ཉམས་པ། འབྲས་བུ་རྣམ་མཁྱེན་ལས་ཉམས་པའོ། །དང་པོ་ལ་སྤྱོད་པ་ལ་ཞེན་པ། ཤེས་བྱ་ལ་ཞེན་པ། སྤང་གཉེན་ལ་ཞེན་པའོ། །དང་པོ་ལ་བླང་དོར་དུ་ཞེན་པ། དེའི་ཀུན་སློང་བདེན་པར་ཡིད་ལ་བྱེད་པ། དེའི་ཉེས་དམིགས་སོ། །དང་པོ་ནི། ༡ ཀུན་རྫོབ་ཏུ་སྒྱུ་མ་བཞིན་དུ་ཡོན་ཏན་འཛིན་པ་དང་སྐྱོན་འདོར་བའི་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་ཞེན་པའི་འཛིན་པ་ལ་དམིགས་ནས་ལོངས་སྤྱོད་པ་པོར་བདེན་པར་ཞེན་པའི་ཀུན་བཏགས་སོ། །གཉིས་པ་ནི། ༢ གནས་ལུགས་ཀྱི་དོན་ཡང་དག་པ་ཉིད་དུ་ཡིད་ལ་མི་བྱེད་པར་བདེན་པར་ཡིད་ལ་བྱེད་པའི་གང་ཟག་རང་རྐྱ་ཞེས་སོགས་སྔར་བཞིན། གསུམ་པ་ནི། ༣ ཉོན་མོངས་བསྐྱེད་པའི་ཆོས་ཉིད་ཀྱིས་ཁམས་གསུམ་ཆར་དང་ཉེ་བར་འབྲེལ་བའི་གང་ཟག་རང་རྐྱ་སོགས་སྔར་བཞིན། གཉིས་པ་ཤེས་བྱ་ལ་ཞེན་པ་ལ། དངོས་པོ་ལ་བདེན་པར་ཞེན་པ། བདེན་མེད་དུ་ཞེན་པ། བཏགས་པ་ཙམ་དུ་ཞེན་པའོ། །དང་པོ་ནི། ༤ ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་པ་ལ་མི་གནས་པས་བདེན་པར་བཟུང་ནས་གནས་པའི་གང་ཟག་རང་རྐྱ་ཞེས་སོགས་སྔར་བཞིན། གཉིས་པ་ནི། ༥ དངོས་པོ་ལ་བདེན་པར་མངོན་པར་མ་ཞེན་པས་ཐམས་ཅད་ལ་བདེན་མེད་དུ་མངོན་པར་ཞེན་པའི་གང་ཟག་རང་རྐྱ་ཞེས་སོགས་སྔར་བཞིན། གསུམ་པ་ནི། ༦ གང་ཟག་རྫས་སུ་ཡོད་པ་མེད་པས་ཆོས་ཐམས་ཅད་བཏགས་པ་ཙམ་དུ་ཁོང་དུ་ཆུད་པའི་གང་ཟག་རང་རྐྱ་ཞེས་སོགས་སྔར་བཞིན། གསུམ་པ་སྤང་གཉེན་ལ་ཞེན་པ་ལ། མི་མཐུན་ཕྱོགས་ལ་ཞེན་པ། གཉེན་པོ་ལ་ཞེན་པའོ། །དང་པོ་ནི། ༧ དེ་ཁོ་ན་ཉིད་ཤེས་པའི་མ་ཆགས་པས་གང་ལ་ཡང་མངོན་པར་མ་ཞེན་པ་སྔོན་དུ་འགྲོ་བའི་ཆགས་པ་དང་བཅས་པའི་གང་ཟག་རང་རྐྱ་ཞེས་སོགས་སྔར་བཞིན་ནོ། །གཉིས་པ་ནི། ༨ ཆོས་ཐམས་ཅད་བདེན་སྟོང་མཉམ་པ་ཉིད་བསྒོམ་པའི་གཉེན་པོ་ཉིད་ཀྱིས་མཚན་འཛིན་གྱི་གཉེན་པོ་དང་བཅས་པའི་གང་ཟག་རང་རྐྱ་ཞེས་སོགས་སྔར་བཞིན། གཉིས་པ་འབྲས་བུ་རྣམ་མཁྱེན་ལས་ཉམས་པ་ནི། ༩ གནས་ལུགས་ཀྱི་དོན་རྟོགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་མ་ཤེས་པ་ཉིད་ཀྱིས་རྣམ་མཁྱེན་དུ་ཇི་ལྟར་འདོད་པ་བཞིན་དུ་འགྲོ་བ་ལ་ཡུན་རིང་དུ་ཐོགས་པའི་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་ཞེན་པའི་འཛིན་པ་ལ་དམིགས་ནས་ལོངས་སྤྱོད་པ་པོར་བདེན་པར་ཞེན་པའི་བདེན་འཛིན་ཀུན་བཏགས་སོགས་ཇི་སྐད་བཤད་པའི་རྟོག་པ་དགུ་པོ་ཆོས་ཅན། མཐོང་ལམ་རྩེ་སྦྱོར་གྱི་སྤང་བྱ་ཡིན་ཏེ། དེའི་དངོས་ཀྱི་གཞོམ་བྱ་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། |
| Domain | ཆོས་ལུགས། |