53222
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། མངོན་པ། དབང་པོ་དེ་དག་ལས་ཡིད་དང་བདེ་བ་དང་ཡིད་བདེ་དང་བཏང་སྙོམས་ཀྱི་ཚོར་བ་གསུམ་སྟེ་བཞི་ནི་མཐོང་སྤང་དང་མཚུངས་པར་ལྡན་པ་མཐོང་སྤང་དང། སྒོམ་སྤང་དང་མཚུངས་པར་ལྡན་པ་སྒོམ་སྤང་དང། སྤང་བྱ་མ་ཡིན་པ་དང་མཚུངས་པར་ལྡན་པ་སྤང་བྱ་མ་ཡིན་པ་ཞེས་བྱ་བ་རྣམ་པ་གསུམ་དུ་འགྱུར་རོ། །མཐོང་སྒོམ་གཉིས་ཀྱིས་སྤང་བར་བྱ་བ་ནི་ཡིད་མི་བདེ་བ་སྟེ། དེ་ནི་ཟག་བཅས་སུ་ངེས་ཞིང་སྤང་བྱ་གཉིས་ཀ་དང་མཚུངས་པར་ལྡན་པའི་ཕྱིར་རོ། །མིག་ལ་སོགས་པ་གཟུགས་ཅན་བདུན་དང་སྲོག་དང་སྡུག་བསྔལ་གྱི་དབང་པོ་དང་དགུ་ནི་བསྒོམ་པས་སྤང་བར་བྱ་བ་ཡིན་ཏེ། ཟག་བཅས་སུ་ངེས་ཤིང་དྲུག་པ་ལས་མ་སྐྱེས་ལ་མཐོང་སྤང་མ་ཡིན་པའི་ཕྱིར་རོ། །དད་པ་ལ་སོགས་པ་ལྔ་པོ་ནི་ཟག་བཅས་བསྒོམ་པས་སྤང་བར་བྱ་བའང་ཡིན་ལ། ཟག་མེད་སྤང་བར་བྱ་བ་མིན་པ་ཡང་ཏེ། ཟག་བཅས་ཟག་མེད་ཀྱི་བྱེ་བྲག་གིས་སོ། །མི་ཤེས་པ་ཀུན་ཤེས་པར་བྱེད་པ་ལ་སོགས་པ་གསུམ་ནི་སྤང་བར་བྱ་བ་མིན་ཏེ། ཟག་མེད་ཉེས་མེད་ནི་སྤང་བར་འོས་པ་མ་ཡིན་པའི་ཕྱིར་དང། གཉེན་པོ་ཡིན་པའི་ཕྱིར་རོ་ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། ། |
| Domain | ཆོས་ལུགས། |