53255

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མདག་མ་ (1)
Part of speech མིང་ཚིག
Definition བུད་ཤིང་བསྲེགས་པའི་སོལ་བའམ་མེ་རོ་རྡོག་རྡོག
Example སྤྱོད་འཇུག་གི་ལེའུ་བཅུ་པ་ལས། མདག་མ་རྡོ་བསྲེགས་མཚོན་གྱི་ཆར་པ་དག། །དེང་ནས་བཟུང་སྟེ་མེ་ཏོག་ཆར་བར་གྱུར། །ཅེས་པ་ལྟ་བུ།
མདག་མ་ (2)
Part of speech མིང་ཚིག
Definition ཤིང་མེས་ཚིག་པ་ལས་བྱུང་བའི་ཐལ་བ་དཀར་པོ་ལེབ་མོ་ཆུང་ཆུང་ཞིག་སྟེ། མཛུབ་མོ་ཐུག་ཚེ་འཐོར་འགྲོ་བ་ཞིག
Example ནགས་ལ་མེ་ཤོར་བས་གང་ཡིན་སར་མདག་མ་བབས་འདུག་ལྟ་བུ།
Type ཡུལ་སྐད།