From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
མདངས་ (1)
| Part of speech
|
རྒྱན་ཚིག
|
| Definition
|
ལུས་ཀྱི་མཛེས་སྡུག་གམ་གཟི་མདངས་ཏེ།
|
| Example
|
ལུས་མདངས་རྒྱས་ནས་ཤིན་ཏུ་མཛེས་པར་གྱུར་ལྟ་བུ།
|
མདངས་ (2)
| Part of speech
|
རྒྱན་ཚིག
|
| Definition
|
ཁ་དོག་གམ་མདོག
|
| Example
|
མཛོ་མོ་ནག་མདངས་མ། ལུས་ཀྱི་ཤ་མདངས་དཀར་པོ། ཚོན་མདངས་ནག་པོ། མིག་གི་མདངས་ཡལ་ལྟ་བུ།
|
མདངས་ (3)
| Part of speech
|
རྒྱན་ཚིག
|
| Definition
|
རྣམ་འགྱུར་རམ་ཉམས་ཀྱི་དོན་ལའང་འཇུག་སྟེ།
|
| Example
|
ཉོབ་མདངས་བསྟན་ནས་མ་འདུག་ལྟ་བུ།
|
མདངས་ (1)
| Part of speech
|
མིང་ཚིག
|
| Definition
|
སྙིང་པོའམ་བཅུད་ལ་གོ།
|
| Example
|
སའི་མདངས་ཉམས། སའི་མདངས་ཕྲོགས་ལྟ་བུ།
|
མདངས་ (2)
| Part of speech
|
མིང་ཚིག
|
| Definition
|
འཚག་གི་དོན།
|
| Example
|
ལུས་ཀྱི་མདངས་བཟང་བ་ལྟ་བུ།
|
མདངས་ (3)
| Part of speech
|
མིང་ཚིག
|
| Definition
|
མིའི་ས་བོན་ནམ་ཁམས།
|
མདངས་ (4)
| Part of speech
|
མིང་ཚིག
|
| Definition
|
དཔྲལ་བའི་དོན་དུ་འཇུག་པར་བཤད།
|
| Type
|
བརྡ་རྙིང་།
|
མདངས་ (5)
| Part of speech
|
མིང་ཚིག
|
| Definition
|
རྐང་མར་ཏེ། བཤད་པ་སྐུའི་རྒྱུད་ལས། ལུས་ཟུངས་ཁུ་བའི་མཐར་ཕྱིན་མདངས་མཆོག་སྟེ། ཞེས་པའི་མདངས་མཆོག་ལས་རྐང་མར་ཆགས་པས་ནའོ། །
|
| Type
|
མངོན་བརྗོད།
|
མདངས་ (6)
| Part of speech
|
མིང་ཚིག
|
| Definition
|
སྙིང་གི་ནང་དུ་གནས་པའི་ལུས་ཀྱི་གཟི་བརྗིད་དང་བཀྲག་མདངས་སོགས་ཀྱི་རྟེན་བྱེད་པའི་དྭངས་ཤིང་གསལ་བའི་རྫས་ཤིག་ཡོད་པ་དེ་ལ་ཟེར་ཞིང་། དེ་སྙིང་ལ་གནས་ན་ཚེ་རིང་པོར་འཚོ་བ་ཡིན།
|
| Domain
|
གསོ་རིག
|