53284

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མདའ་ཁོ་དགོན་ (1)
Part of speech མིང་ཚིག
Definition དགེ་གཟུང་སྤྲུལ་སྐུས་རབ་བྱུང་བཅོ་ལྔ་པའི་ནང་ལ་དགོན་པ་བཏབ། རིག་འཛིན་རྒོད་ལྡེམ་གྱི་སྤྲུལ་པ་ཨ་རིག་དང་། གཅུང་འགྲོ་འདུལ། རྒྱ་སྐོར་བསོད་ནམས་རིན་ཆེན་གྱི་ཡང་སྲིད་འཕྲིན་ལས་རྒྱ་མཚོ་སོགས་མཁན་སྤྲུལ་རྣམས་ཀྱིས་འཛིན་སྐྱོང་སྤེལ་གསུམ་གནང་། དུས་མཆོད་ནི་ཆོ་འཕྲུལ་ཟླ་བར་སངས་རྒྱས་ཀྱི་མཛད་ཆེན་རྣམས་དང་སྨྱུང་གནས་ཆ་བརྒྱད། ས་ག་ཟླ་བའི་ཉེར་ལྔ་ནས་སྨན་སྒྲུབ་ཀྱི་དབུ་བཙུགས་ཏེ་བཀའ་གཏེར་གསར་རྙིང་རིས་མེད་ཀྱིས་སྒྲུབ་ཆེན་ཁག་དུ་མ་དང་འབྲེལ་གར་དབྱངས་འཆམ་སོགས་སྔོན་གྱི་གཏེར་ཆེན་ཉིད་ཀྱི་དག་སྣང་དང་དགོན་ཁག་སོ་སོའི་གྲྭ་སའི་ཕྱག་བཞེས་ལྟར་དར་སྤེལ་གཏོང་བཞིན་ཡོད། ཆུ་སྟོད་ཟླ་བར་གཞི་གསུམ་ལག་ལེན་གྱིས་དབྱར་གནས་དང་། ཞིང་སྒྲུབ་ཉིན་བདུན། གུ་རུའི་བླ་སྒྲུབ་ཉིན་བདུན། ཀུན་རིག་སྒྲུབ་མཆོད་ཉིན་བདུན། བརྒྱད་པའི་མར་ངོས་ལ་ཟབ་གཏེར་གདུགས་དཀར་གྱི་སྒྲུབ་པ་ཟབ་མོ་གཏེར་སྟོན་ཆེན་པོའི་སྒྲུབ་ཆེན་ཁོག་ཕུབ་ཀྱིས་ཕྱག་ལེན་ལྟར་སྒྲུབ་མཆོད་རྒྱས་པ་སྨད་ལས་གཏོར་བཟློག་བཅས་ཉིན་བཅོ་ལྔར་ཡོད། འོན་ཀྱང་དུས་འགྱུར་སྐབས་སུ་ཐམས་ཅད་མིང་ཙམ་དུ་བཏང་། གདུང་སྲས་གཉིས་དང་མཁན་རིན་པོ་ཆེ་གཙོས་འདུས་སྡེ་ཡོངས་ཀྱི་མཐུན་སྤྱོར་ལ་བརྟེན་ནས་གཙུག་ལག་ཁང་བསྐྱར་བཞེངས་བྱས། འདུས་སྡེ་གྲངས་དྲུག་ཅུ་བཞུགས། ནང་རྟེན་སྐུ་འདྲ་ཆེ་ཆུང་བཅུ། ཟངས་གསེར་གྱི་རྡོར་སེམས། ཟངས་རག་གི་སྐུ་འདྲ་ཆེ་ཆུང་བརྒྱད། དཀྱིལ་འཁོར་གྱི་ཡོ་བྱད་ཁ་ཚང་། རོལ་མོ་ཆ་ལྔ། ཟིལ་སྙན་གཉིས། གླིང་བུ་ཆ་གཉིས། དུང་དཀར་ཆ་གཉིས། དུང་དམར་དང་རྐང་གླིང་སོགས་དང་། སྔོན་གྱི་དགོན་པའི་རྟེན་ཐུབ་སྐུ་ལི་མ་དང་གཏེར་ཆེན་རིན་པོ་ཆེའི་ཐུགས་དམ་རྟེན་གུ་རུ་དང་སྒྲོལ་དཀར་ལི་མ། དྲིལ་བུ་གཏེར་མ། གླིང་བུ་ཆ་གཅིག་འཇམ་དབྱངས་མཁྱེན་རྒན་དང་དཔལ་སྤུངས་སྐྱབས་མགོན་གཉིས་ཀྱི་དབུ་ཞྭ་མཐོང་གྲོལ་རྣམས་དང་། གསུང་རྟེན་རྒྱལ་བཀའ་ཆ་ཉི་ཤུ། བསྟན་འགྱུར་ཆ་བཞི། རིན་ཆེན་གཏེར་མཛོད་ཆ་གཉིས། རྙིང་མ་རྒྱུད་འབུམ་ཆ་གཅིག རྒྱུད་སྡེ་ཀུན་བཏུས་ཆ་གཅིག སྒྲུབ་ཐབས་ཀུན་བཏུས་ཆ་གཅིག ཀློང་ཆེན་མཛོད་བདུན་ཆ་གཅིག གཞན་ཡང་གསར་རྙིང་རིས་མེད་ཀྱི་བཀའ་འབུམ་སྒྲུབ་ཐབས། དབང་གཞུང་སོགས་བསྡོམས་པུ་ཏི་སུམ་བརྒྱ་ཙམ་ཡོད། དུས་མཆོད་ཆེ་ཆུང་དང་དེ་རྣམས་ཀྱི་སྒྲིག་ལམ་ནི་དགོན་པའི་བཅའ་ཡིག་སོགས་སྔོན་གྱི་ཕྱག་རྒྱུན་མ་ཉམས་པར་ད་ལྟའང་ཡོད།

{{#arraymap:མདའ་ཁོ་དགོན་

|; |@@@ | | }}